《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

ཞི་ཅིན་ཕིང་པ་ཞི་ལི་ཡར་ཕེབས་འབྱོར་ཟིན་ནས་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པ་ཞི་ལི་ཡར་ཕེབས་འབྱོར་ཟིན་ཏེ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཤིང་། འདི་ནི་པར་ཙིར་སྲིད་གཞུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པ་ཞི་ལི་ཡ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པ་ཞི་ལི་ཡར་ཕེབས་འབྱོར་ཟིན་ཏེ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཆེད་གཏོང་གནམ་གྲུ་པ་ཞི་ལི་ཡའི་མཁའ་དམག་རྟེན་གཞིར་འབྱོར་སྐབས། པར་ཙིར་ཙུང་ཐུང་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁོ་སི་ཐ་དང་། པ་ཞི་ལི་ཡའི་མཁའ་དམག་རྟེན་གཞིའི་སི་ལིང་སྨི་ཀེར། ཁྲིམས་འཛིན་པུའུ་ཀྲང་ལའེ་དབན་ཏུའོ་ཧྥུའུ་སི་ཅི། ཙུང་ཐུང་ལས་ཤག་ལས་ཁུངས་ཀྱི་འབྲེལ་གཏུག་པུའུ་ཀྲང་ཕ་ཏི་ལི་ཡ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཏེ། ཙུང་ཐུང་ལུའུ་ལཱ་དང་པར་ཙིར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། པཱ་ཐ་ལའི་སྒྱུ་རྩལ་མཁས་ཅན་བཅུ་གྲངས་ཙམ་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་པར་ཙིར་གྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་དཀྲོལ་བ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ལ་བཞུགས་ནས་ཕེབས་ཡོད་པ་རེད།

ཞི་ཅིན་ཕིང་གིས་གནམ་ཐང་ནས་རླངས་འཁོར་ལ་བཞུགས་ཏེ་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་ཀྱིས་ལམ་གཡས་གཡོན་ནས་ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང“ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ” “ཀྲུང་པར་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་བྱེད་སྒོ་མཇུག་འགྲིལ་རྗེས་ལི་གཡོད་རེ་ནེ་ལུའུ་ནས་ཞལ་གྱེས་ཏེ་པ་ཞི་ལི་ཡར་ཕེབས་འབྱོར་ཟིན་པ་རེད།