《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月15日

ཅང་ཤིས་ཕིང་ཤང་དུ་ཨོ་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དང་ཁང་གོ་རིམ་ལྡན་པའི་སྒོ་ནས་སྐྲུན་བཞིན་པ།

ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་གྱི་ཨོ་རྩལ་ལྟེ་གནས་ཀྱི་རྣམ་གྲངས་ནང་སྡོད་ས་22000ཡོད་པའི་ཕྱོགས་བསྡུས་ལུས་རྩལ་ཐང་དང་། སྡོད་ས་4500ཡོད་པའི་ལུས་རྩལ་ཁང་དང་སྦྱོང་བརྡར་ཁང་། སྡོད་ས་1500ཡོད་པའི་ཆུ་རྐྱལ་ཁང་། ཕྱི་རོལ་གྱི་དམངས་ཡོངས་ལུས་སྦྱོང་དང་ལེ་ལག་ཚང་བའི་ཞབས་ཞུ་ཁུལ་བཅས་ཡོད། རྣམ་གྲངས་བསྐྲུན་རྗེས། ས་གནས་དེ་གའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དགོས་མཁོ་སྐོང་བར་ཕན་ཐོགས་ཡོང་རྒྱུ་རེད།

འདི་ནི་2024ལོའི་ཟླ་11ཚེས་10ཉིན། ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་གྱི་ཨོ་རྩལ་ལྟེ་གནས་རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་བཟོས་ལྕགས་སྒྲོམ་བསྒྲིགས་ནས་ལུས་རྩལ་ཐང་དང་ཁང་ཁག་གང་མགྱོགས་སྐྲུན་བཞིན་པ།