《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月15日

ཀོང་ཤིས་ལའེ་པིན་གྱི་བུར་ཤིང་ནགས་ལྗོངས་ལྟ་ན་སྡུག་པ།

ཟླ་11ཚེས་10ཉིན་ཀོང་ཤིས་ལའེ་པིན་གྲོང་ཁྱེར་ཤིང་པིན་ཆུས་ཏ་དབན་གྲོང་རྡལ་གྱི་མངར་རྒྱུའི་བུར་ཤིང་རྟེན་གཞིའི་བུར་ཤིང་སྐྱེ་འཚར་བཟང་ཞིང་། ལའེ་པིན་གྲོང་ཁྱེར་གྱིས་བུར་ཤིང་གི་སོན་བཟང་གསོ་སྤེལ་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་སྟེ། མངར་ཆའི་ལས་རིགས་ཀྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་བསྐྲུན་མགྱོགས་སུ་བཏང་བས་2024ལོར་མངར་རྒྱུའི་བུར་ཤིང་འདེབས་ཁྱོན་མུའུ་ཁྲི་182.1ཟིན་པ་དང་2023/2024ལོའི་མངར་ཆའི་ཐོན་ཚད་ཏུན་ཁྲི་110ཟིན་ཡོད་པ་རེད།