《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月15日

ཟླ་དང་པོ་ནས་དགུ་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།

▶ ཟླ་དང་པོ་ནས་དགུ་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་4.8%འཕར་ཡོད། ཁྱིམ་སྤྱོད་གྲང་སྒམ་དང་། དྲོད་སྙོམས་འཕྲུལ་ཆས། འཁྱགས་སྒམ་བཅས་ཐོན་རྫས་ཀྱི་ཐོན་འབབ་འཕར་ཚད་14%དང་། 8% 7.5%བཅས་སོ་སོར་ཟིན་ཡོད། ཁེ་འབབ་ཀྱི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་དང་པོ་ནས་དགུ་པའི་བར་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འབབ་ཚད་6.2%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར་ཁྲི་1.02ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་དམིགས་ཚད་ན་ནིང་ལས་དེ་བས་མགྱོགས་པའི་ངང་མངོན་འགྱུར་བྱུང་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཚུན། འཛད་རྫས་གསར་རྙིང་བརྗེ་བ་སོགས་འཕར་སྣོན་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པའི་སྐུལ་འདེད་འོག ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཐོན་སྐྱེད་ལེགས་ཕྱོགས་སུ་བརྟན་པོ་འཕར་ཞིང་། ཟླ་དང་པོ་ནས་དགུ་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་4.8%འཕར་ཡོད། ཁྱིམ་སྤྱོད་གྲང་སྒམ་དང་། དྲོད་སྙོམས་འཕྲུལ་ཆས། འཁྱགས་སྒམ་བཅས་ཐོན་རྫས་ཀྱི་ཐོན་འབབ་འཕར་ཚད་14%དང་། 8% 7.5%བཅས་སོ་སོར་ཟིན་ཡོད། ཁེ་འབབ་ཀྱི་ཆུ་ཚད་ལེགས་སུ་རྒྱུན་མཐུད་ཕྱིན་ཞིང་། ཟླ་དང་པོ་ནས་དགུ་པའི་བར་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འབབ་ཚད་6.2%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཡོད། ཤོག་བུ་དང་། གློག་རྫས། ཁྱིམ་ཆས་སོགས་ལས་རིགས་ཀྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་རྒྱུན་འཁྱོངས་ཐུབ་ཡོད། ཁྲོམ་རའི་གཞི་ཁྱོན་རྒྱ་ཆེ་རུ་བརྟན་པོ་ཕྱིན་ཞིང་། ཟླ་དང་པོ་ནས་དགུ་པའི་བར་ཡང་བའི་བཟོ་ལས་ལས་རིགས་ཡོངས་ཀྱི་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་6821.6ཟིན་པ་དེ་དུས་མཚུངས་ལས་2.6%འཕར་བ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)