《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ལྕགས་ལམ་གཞི་གདན་བཟོ་གྲྭ་ཨར་ཅི་རི་ཡར་ ལས་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཨར་ཅི་རི་ཡ་ནས་ཟླ་11ཚེས་11ཉིན་འབྱོར་བའི་གློག་འཕྲིན་ལ་གཞིགས་ན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གྱི་ཨར་ཅི་རི་ཡའི་ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་གི་རྣམ་གྲངས་ཡིན་པའི་ཐིན་ཏུའུ་ཧྥུའུ་ཞིང་ཆེན་ཧ་ཞི་ཧོ་པི་ལྕགས་ལམ་གྱི་གཞི་གདན་བཟོ་གྲྭ་ཚེས་10ཉིན་དངོས་སུ་ལས་འགོ་ཚུགས་པ་ལས། ལྕགས་ལམ་རྣམ་གྲངས་ཀྱི་བགྲོད་ལམ་ལས་གྲྭ་ཁྱོན་ཡོངས་ནས་འགོ་བཙུགས་པ་མཚོན་ཡོད། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཇུས་འགོད་བྱས་པའི་ལྕགས་ལམ་གཞི་གདན་ཇུས་གཞི་ས་གནས་ས་ཐོག་གི་ལྗིད་འདེགས་ལྕགས་ལམ་རྣམ་གྲངས་སུ་སྤྱོད་ཐེངས་ཐོག་མ་ཡིན་པ་རེད།