《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

རང་རྒྱལ་གྱི་རླུང་ཤུགས་ཆེ་བའི་མཚོ་ཐོག་གི་འོད་ཤུགས་རྣམ་གྲངས་དང་པོ་དྲ་སྦྲེལ་ཐུབ་པ།

འདི་ནི་ཏུང་ཧྲན་ཤིང་ཁྲེན་གྱི་ཀྲའོ་ཝ་180ཟིན་པའི་མཚོ་ཐོག་གི་འོད་ཤུགས་གློག་ཁང་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་རྒྱལ་གྱི་རླུང་ཤུགས་ཆེ་བའི་མཚོ་ཁོངས་སུ་བསྐྲུན་པའི་མཚོ་ཐོག་གི་འོད་ཤུགས་རྣམ་གྲངས་དང་པོ་ཡིན་པའི་འགག་གསུམ་ཚོགས་པའི་ཏུང་ཧྲན་ཤིང་ཁྲེན་གྱི་ཀྲའོ་ཝ་180ཟིན་པའི་མཚོ་ཐོག་གི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཁག་དང་པོ་དྲ་སྦྲེལ་ཐུབ་པ་རེད།

རྣམ་གྲངས་དེ་ཧྥུའུ་ཅན་ཏུང་ཧྲན་རྫོང་ཤིང་ཁྲེན་གྲོང་རྡལ་དང་ཆེན་ལོའུ་གྲོང་རྡལ་གྱི་མཚོ་ཁོངས་སུ་གནས་ཤིང་། ས་ཁུལ་དེར་ལོ་མང་རིང་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་2204ཟིན་སྟབས་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ལ། ལོའི་ཆ་སྙོམས་རླུང་ཤུགས་སྐར་ཆ་རེར་སྨི་5.2དང་། རླུང་ཤུགས་ཆེ་ཤོས་ལ་སྐར་ཆ་རེར་སྨི་48ཟིན་གྱི་ཡོད་པ་རེད།