《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

དངུལ་རྩའི་བསྡོམས་འབོར་འཕར་ཚད་བརྟན་པོས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་གང་ལེགས་བྱས་པ།

ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་16.52འཕར་བ་དང་

དངུལ་བུན་གྱི་སྐྱེད་ཚད་ལོ་རྒྱུས་ཀྱི་དམའ་གནས་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་16.52འཕར་ཡོད་པ་རེད། ཟླ་བཅུ་པའི་ཟླ་མཇུག་བར། རང་རྒྱལ་གྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་258.18ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་254.1ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད།

ད་ལོ་ནས་བཟུང་། མི་དམངས་དངུལ་ཁང་གིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྔ་རྗེས་སུ་ཅུང་གལ་ཆེ་བའི་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་ཐེངས་4བྱས་པ། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ཀྱིས་སྤྱོད་པ། འཁོར་རྒྱུག་རང་བཞིན་ལུགས་མཐུན་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱེད་པ། དངུལ་ལོར་སྲིད་ཇུས་ཀྱི་མཐུད་ཁྲིད་ཤར་བགྲོད་ཐུབ་པར་བྱེད་པ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ཁྲོད་ཆག་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་དང་དངུལ་ལོར་མཁོ་སྤྲོད་བྱེད་ཚད་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་ཕན་ཚུན་ཆ་མཚུངས་པ་མ་ཟད། ད་དུང་ཁྱབ་ཁོངས་གཙོ་བོ་དང་ལྷུ་ཚིགས་ཞན་སར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

དངུལ་རྩའི་བསྡོམས་འབོར་འཕར་བརྟན་པོ་བྱུང་བ་དང་དུས་མཚུངས། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆའང་ལེགས་སུ་རྒྱུན་མཐུད་ཕྱིན་ཞིང་། ཟླ་བཅུ་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཆེད་ཞིབ་ཁྱད་གསར་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་4.23ཟིན་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་3.17ཟིན་པ་དེ་དུས་མཚུངས་ལས་21%འཕར་བ། ཀུན་ཕན་རང་བཞིན་གྱི་དངུལ་བུན་ཉུང་གྲས་ཀྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་33ཙམ་ཟིན་པ་དེ་དུས་མཚུངས་ལས་15%ཙམ་འཕར་ཡོད་པས། གོང་གསལ་དངུལ་བུན་གྱི་འཕར་ཚད་དེ་དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད་པ་རེད། (པ་ཕན་དང་བསྟན་བློས་སྒྱུར་ཞུས་བྱས)