《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

ཟླ་10པར་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས་0.3འཕར་ནས་འདི་ལོ་ཚུན་གྱི་འཕར་ཚད་མཐོ་ཤོས་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་10པར་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་སྟོན་གྲངས་89ཟིན་པ་དེ་ཟླ་9པ་དང་བསྡུར་ན་0.3འཕར་ནས་འདི་ལོ་ཚུན་གྱི་འཕར་ཚད་མཐོ་ཤོས་དུ་སླེབས་ཡོད།

རྣམ་གྲངས་དབྱེ་བའི་སྟོན་གྲངས་ལས་བལྟས་ན། ཟླ་བཅུ་པར་སྤྱི་ཁོག་དཔལ་འབྱོར་གྱི་མྱོང་ཚོར་སྟོན་གྲངས་དང་། མ་གནས་སྟོན་གྲངས། ངལ་རྩོལ་ནུས་ཤུགས་སྟོན་གྲངས། མ་འཇོག་སྟོན་གྲངས། ཕན་འབྲས་སྟོན་གྲངས་བཅས་ཆག་པ་ནས་འཕར་བའི་རྣམ་པ་དེ་ཟླ་བ་གོང་མ་ལས་0.6དང་། 0.5 0.3 0.4 0.2བཅས་སོ་སོར་འཕར་ཡོད་པ་རེད། ཕྱོགས་བསྡུས་གཉེར་སྐྱོང་སྟོན་གྲངས་དང་མ་དངུལ་སྟོན་གྲངས་སྙོམས་པ་ནས་འཕར་བ་དེ་ཟླ་བ་གོང་མ་ལས་0.5དང་0.2སོ་སོར་འཕར་ཡོད་པ་རེད། ཁྲོམ་རའི་སྟོན་གྲངས་མུ་མཐུད་འཕར་ནས་ཟླ་བ་གོང་མ་ལས་0.3འཕར་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་གཉེར་སྐྱོང་ལེགས་སུ་ཕྱིན་པ་དང་འཕེལ་ཚུལ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད་པ་རེད། ལས་རིགས་ཁག་དབྱེ་བའི་སྟོན་གྲངས་ལ་བལྟས་ན། ལས་རིགས་ཀྱི་འཕེལ་ཚུལ་སྤྱིའི་ཆ་ནས་བསྐྱར་འཕར་བྱུང་ཡོད། བཟོ་ལས་ཀྱི་སྟོན་གྲངས་རྒྱུན་མཐུད་འཕར་ཚུལ་ཟླ་བ་གོང་མ་ལས་0.3མཐོ་རུ་ཕྱིན་ཡོད་པ་རེད། འཛུགས་སྐྲུན་ལས་རིགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། ས་ཁང་བདག་ཁོངས་ལས་རིགས། སྤྱི་ཚོགས་ཞབས་ཞུའི་ལས་རིགས། ཞག་སྡོད་བཟའ་བཏུང་ལས་རིགས་བཅས་ཆག་པ་ནས་འཕར་བ་དེ་ཟླ་བ་གོང་མ་ལས་0.2དང་། 0.6 0.5 0.7 0.2བཅས་སོ་སོར་མཐོ་རུ་ཕྱིན་ཡོད་པ་རེད། (པ་ཕན་གྱིས་བསྒྱུར། བསྟན་བློ་དང་པ་ཕན་གྱིས་ཞུས)