《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月13日

ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨན་ཀོ་ལའི་རྒྱལ་སའི་གནམ་ཐང་གསར་པ་སྤྱོད་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ཨན་ཏ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨན་ཀོ་ལའི་ཨན་ཏུང་ཉི་ཨའོ·ཨ་ཀ་ཧྲི་ཏི་ཉི·ནེ་ཐུའུ་པའོ་ཧྲི་རྒྱལ་སྤྱིའི་གནམ་ཐང་གིས་ཚེས་10ཉིན་དུས་གཏན་འགྲུལ་སྐྱེལ་གནམ་གྲུ་ཐོག་མ་དེ་གནམ་ཐང་དུ་འཛུལ་ཐོན་ལེགས་སྒྲུབ་བྱས་པ་དེས་གནམ་ཐང་དེའི་འགྲུལ་སྐྱེལ་ནུས་པ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

གནམ་ཐང་དེ་རྒྱལ་ས་ལུ་ཨན་ཏ་གྲོང་ཁུལ་གྱི་ཤར་ལྷོའི་སྤྱི་ལེ་40ཡི་སར་གནས་པ་དང་། ཀྲུང་གོ་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱིའི་ལས་གྲྭ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་ཞིང་། ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1500དང་དངོས་ཟོག་དང་སྦྲག་སྲིད་མྱུར་སྐྱེལ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་13ཟིན་པ་འཆར་འགོད་བྱས་ཡོད་པ་དང་། ཕྱོགས་ཡོངས་ནས་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས་ཨ་ཧྥེ་རི་ཁ་ལྷོ་མའི་ས་ཁུལ་གྱི་མཁའ་འགྲུལ་ལྟེ་གནས་གལ་ཆེན་གསར་པའི་གྲས་ཤིག་ཏུ་འགྱུར་རྒྱུ་རེད།