《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月12日

ཀྲུང་གོ་དང་ཕེ་རུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ལོ་ཚོགས་ལི་མར་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་8ཉིན། ཀྲུང་གོ་དང་ཕེ་རུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ལོ་ཚོགས་ཕེ་རུའི་རྒྱལ་ས་ལི་མར་གཉེར་ཞིང་། ཚོགས་ཞུགས་སྐུ་མགྲོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་གི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གོ་སྐབས་གསར་པར་བགྲོ་གླེང་གཏིང་ཟབ་བྱས་ནས་མ་འོངས་པའི་འཕེལ་རྒྱས་ཀྱི་རེ་འདོད་གསར་པ་མཉམ་དུ་གླེང་བ་རེད།

ལོ་ཚོགས་ཀྱི་རིང་། ཕྱོགས་ཁག་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་པ་སྟེ། 《ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས》ཞེས་པའི་ཇུས་འདོན་ཚོགས་པའི་སྙན་ཞུ་དངོས་སུ་ཁྱབ་བསྒྲགས་བྱས་ནས། གོ་ལ་ཧྲིལ་པོར་མ་འོངས་པར་ཁ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་ཀྲུང་གོའི་བྱ་སྤྱོད་རྒྱས་བཤད་བྱས་པ་དང་། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་རྒྱའི་སི་ཕེན་སྐད་ཀྱི་དྲ་ངོས་གསར་པ་སྤྱོད་འགོ་ཚུགས་པ། “རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཆ་འཕྲིན་མཉམ་སྤྱོད་དྲ་རྒྱའི་ལ་ཏིང་མེ་གླིང་འབྲེལ་གཏུག་ཁྲུའུ་ཡི་སྒོ་བྱང་ཕྱེ་བ་བཅས་རེད། ལོ་ཚོགས་ཀྱི་རིང་། ཚོགས་ཞུགས་སྐུ་མགྲོན་གྱིས་ད་དུང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་པར་རིས་འགྲེམས་སྟོན་ལའང་བལྟས་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)