ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་ཁུར་བའི་ཕ་ཁི་སི་ཐན་གྱི་པ་ཧྲ་ཆུ་རགས་ནི་འཛམ་གླིང་དུ་སྐྲུན་བཞིན་པའི་ཆེས་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཨར་འདམ་གྱི་ཆུ་རགས་ཆེན་པོ་ཞིག་ཡིན། དེ་བསྐྲུན་རྗེས་ལོ་རེར་ཕ་ཁི་སི་ཐན་ལ་ནུས་རྒྱུ་གཙང་མའི་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་180མཁོ་འདོན་ཐུབ་ཀྱི་ཡོད་པ་རེད། དབྱང་ཅི་ཐུའོ་ཡིས་པར་བླངས།
འདི་ནི་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཐི་མོར་ཤར་མའི་རྒྱལ་ཁབ་གློག་དྲ་གཉེར་སྐྱོང་དང་སྲུང་སྐྱོང་རྣམ་གྲངས་ཐད་ཀྱི་སྐོར་ཞིབ་ལས་མིས་ལྕགས་མདོང་གི་གློག་སྐུད་ལ་ཞིབ་བཤེར་དང་ཉམས་གསོ་བྱེད་བཞིན་པ། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པས་པར་མཁོ་འདོན་བྱས།
ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་ཁུར་བའི་དབྱི་རག་གི་དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ཀྱིས“ཀྲུང་དབྱི་མཛའ་མཐུན་ཟབ། མི་ཡུལ་བརྩེ་བས་ཁེངས”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ། ཡུལ་དེ་གའི་མང་ཚོགས་ལ་རིན་མེད་ཀྱི་བཟའ་བཅའ་དང་འཐུང་བཅའ་སྤྲོད་བཞིན་པ། ཀྲོའུ་ཐའོ་ཡིས་པར་བླངས།
ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པའི་ཕ་ཁི་སི་ཐན་གྱི་པིན་ཅ་ཧྲེང་གི་དུས་ཐེངས་གསུམ་པའི་རྣམ་གྲངས་ཀྱི་ལག་རྩལ་པ་ཧོའུ་ཙེ་ཡུས(དཀྱིལ)ཀྱིས་ཕྱི་རྒྱལ་གྱི་མི་སྣ་དང་འབྲེལ་གཏུག་བྱེད་བཞིན་པ། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པས་པར་མཁོ་འདོན་བྱས།
འདི་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱི་ཚོགས་པས་སྐྲུན་འགན་ཁུར་བའི་སོ་ཏིའི་ཨ་མེ་ཏ་ཧོ་ལན་ཁེ་ལས་སློབ་གླིང་གི་རྣམ་གྲངས་ཁུལ་དུ་ཀྲུང་གོ་དང་སོ་ཏིའི་འཛུགས་སྐྲུན་པས་རྣམ་གྲངས་ཀྱི་ཐོག་པང་ལ་ལུགས་རྒྱག་བཞིན་པ། ཧོང་ཐའོ་རུའེ་ཡིས་པར་བླངས།
ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པས་སྐྲུན་འགན་ཁུར་བའི་ཕེ་རུའི་ཨན་ཏི་སི་རྒྱལ་ཁབ་གཞུང་ལམ་གྱི་ལམ་རྒྱུད་དུ་སྐྱེ་དངོས་རིགས་སྣ་ཚོགས་ཡོད་པས། རྣམ་གྲངས་ཨར་སྐྲུན་བྱེད་སྐབས་ཨན་ཏི་སི་རི་རྒྱུད་ཀྱི་གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱས་ཡོད། འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་ཕེ་རུ་རྣམ་གྲངས་བཟོ་ལས་ཁུལ་གྱི་ཅིང་ལི་ཝང་ཧན་ཐའོ(གཡོན་གྱི་གཉིས་པ)དང་ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་སྐྱེད་ཚལ་ལག་རྩལ་ཆེ་མོ་བས་ཕེ་རུའི་ཨན་ཏི་སི་རྒྱལ་ཁབ་གཞུང་ལམ་རྣམ་གྲངས་ཀྱི་ལྗོན་ཤིང་དྲོད་ཁང་དུ་མཉམ་པར་རྒྱག་བཞིན་པ། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པས་པར་མཁོ་འདོན་བྱས།
ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་ཁུར་བའི་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོའི་ས་འོག་ལྕགས་ལམ་བདུན་པའི་ལམ་དུམ་དང་པོའི་རྣམ་གྲངས་ནི་མེ་གླིང་ལྷོ་མའི་ས་ཁུལ་གྱི་གསོར་འབིགས་འཕྲུལ་ཆས་ཀྱིས་ཨར་སྐྲུན་བྱེད་པའི་ས་འོག་ལྕགས་ལམ་རྣམ་གྲངས་ཐོག་མ་དེ་ཡིན། འདི་ནི་ཀྲུང་ཆིའི་ལས་བཟོས“མ་ཐུའུ་ཁ་ན་རྟགས་ཅན”གྱི་སོར་འབིགས་འཕྲུལ་ཆས་ཀྱི་སྒྲིག་སྦྱོར་ལས་ཀར་སྐུལ་འདེད་གཏོང་བཞིན་པ། ཁྲེན་ལུའུ་མིང་གིས་པར་བླངས།
ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་ནི“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་འོག་ཀྲུང་ཨེ་མཉམ་ལས་ཀྱི་མིག་དཔེ་ཞིག་ཡིན། རེན་ཁོ་ནི་ཀྲུང་གོ་བཟོ་སྐྲུན་ལས་གྲྭ་ཅུས་བརྒྱད་པ་ཚད་ཡོད་ཀུང་སིའི་ཕྱི་རྒྱལ་རུ་ཁག་གི་རུ་མི་ཞིག་ཡིན་ལ། ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་འཕྲུལ་ཆས་ལས་གྲྭ་དོ་དམ་པུའི་ཅིང་ལི་ཡི་འགན་འཁུར་གྱི་ཡོད། འདི་ནི་རེན་ཁོ(གཡོན་གྱི་དང་པོ)དང་ལས་རོགས་ཨེ་ཅིབ་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་དུ་ཡོད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུའེ་ཞན་ཁའེ་ཡིས་པར་བླངས།
འདི་ནི་ཝེ་ཐེ་ནམ་སྐར་ཆེན་གྱི་དུས་ཐེངས་གསུམ་པའི་རྣམ་གྲངས་ཡིན་པ་དང་། ཀྲུང་གོ་བཟོ་སྐྲུན་ལས་གྲྭ་ཅུས་ལྔ་པའི་ལག་རྩལ་པ་ཀྲའོ་ཅི་ཙུན་(དཀྱིལ)དང་ལས་རོགས་ཀྱིས་ཐིག་ཚད་འཇལ་བཞིན་པ། དབྱང་ཅི་ཧྲེང་གིས་པར་བླངས།
འདི་ནི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་ཡིན་པ། ལི་པིན་ཧུང་གིས་པར་བླངས།
ལོ་10ལྷག་ཙམ་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དེ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོ་ནས་ཨ་ཧྥེ་རི་ཁ་དང་ལ་ཏིང་མེ་གླིང་བར་རྒྱ་སྐྱེད་བྱུང་ཞིང་། ཀྲུང་གོའི་འཛུགས་སྐྲུན་པ་སྔར་ལས་མང་བ་ཕྱི་རྒྱལ་དུ་སྐྱོད་པ་དང་ལས་གནས་བརྟན་སྲུང་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྣ་ཚོགས་བསྐྲུན་ནས་ཕྱི་རྒྱལ་གྱི་འཛུགས་སྐྲུན་གྱི་འཐབ་ས་དང་པོར་དཀའ་བ་སྤྱད་ཡོད། ཕྱི་རྒྱལ་གྱི་རྣམ་གྲངས་ལ་ཞབས་འདེགས་ཞུ་རིང་། ཀྲུང་གོའི་འཛུགས་སྐྲུན་པས་ཁོར་ཡུག་སྲུང་སྐྱོང་དང་ཡུལ་དེ་ག་དང་མཉམ་འདྲེས་ཡོང་བར་སྣང་ཆེན་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་ཕན་ཚུན་ལྟ་སྐྱོང་གི་གཏམ་རྒྱུད་ཡག་པོ་ཞིག་བརྩམས་ཡོད།