《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月09日

སྡེ་ཚན་ལྔས་རྒྱལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་རིམ་སྤེལ་གསོ་སྦྱོང་མཉམ་དུ་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དམངས་སྲིད་པུའུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས། རྒྱལ་ཁབ་རིག་དངོས་ཅུས་བཅས་དང་མཉམ་འབྲེལ་ཐོག་གཉེར་བའི་རྒྱལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་རིམ་སྤེལ་གསོ་སྦྱོང་ཐེན་ཅིན་དུ་དངོས་སུ་འགོ་ཚུགས་པ་རེད།

རྒྱལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་རིམ་སྤེལ་གསོ་སྦྱོང་ནི་འདི་ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་དཔེ་མཚོན་མེ་སྐྱོན་གྱི་གྱོད་དཔེ་དབྱེ་ཞིབ་དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ། མེ་སྐྱོན་གྱི་ཉེན་ཁ་དབྱེ་འབྱེད། མེ་ཟོན་བདེ་འཇགས་ཀྱི་དཔེ་མཚོན་གནད་དོན་ཐག་གཅོད་བྱེད་ཐབས། མེ་ཟོན་སྒྲིག་ཆས་ཞིབ་བཤེར་དང་སྲུང་སྐྱོང་། མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་གསོ་སྦྱོང་། མེ་གསོད་ཁ་འགྲེམས་ནང་སྦྱོང་སོགས་ཆེད་དོན་7དང་སློབ་ཚན་93བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་དང་། རྒན་གསོའི་ལས་ཁུངས། རིག་དངོས་བཟོ་སྐྲུན། རྟེན་རྫས་བཤམས་མཛོད་ཁང་། མཐོ་རིམ་བཟོ་སྐྲུན། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་བཅས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ་དང་དོ་དམ་པ་དང་འབྲེལ་ཡོད་ལས་རིགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ལས་དོན་གྱི་འགན་འཁུར་བར་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱ་རྒྱུ་རེད།