《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月09日

རྒྱལ་ཡོངས་ཞིང་ལས་ལས་རིགས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དྲུག་པའི་མཐའ་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5དང་6ཉིན། ཞིང་ལས་གྲོང་གསེབ་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་རྒྱལ་ཡོངས་ཞིང་ལས་ལས་རིགས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དྲུག་པའི་མཐའ་བསྡུར་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་བྱས་པ་རེད། སྐབས་འདིའི་འགྲན་བསྡུར་ཆེ་མོར་ཞིང་འཕྲུལ་ཁ་ལོ་བ་དང་། ཞིང་ལས་ཅིང་ལི། ཆུ་ཐོན་ལག་རྩལ་པ། སྲོག་ཆགས་ཀྱི་འགོས་ནད་འགོག་བཅོས་པ། ཇ་ལོ་ལས་སྣོན་བ་སོགས་ཀྱི་འགྲན་ཚན་6བཀོད་སྒྲིག་བྱས་ཡོད་པར་རྒྱལ་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཀྱི་རྩལ་ནུས་འཇོན་ཐང་ཅན་ཁྲི་8ཙམ་འདེམས་སྒྲུག་འགྲན་བསྡུར་ལ་ཞུགས་མཐར་བདམས་ཐོན་པ་495མཐའ་བསྡུར་ལ་ཚུད་ཡོད་པ་རེད།

འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཐེངས་འདིའི་འགྲན་ཆེན་ཐོག་ཁྱོན་བདམས་ཐོན་པ་30ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། བདམས་ཐོན་པ་90ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། བདམས་ཐོན་པ་180ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་བཅས་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)