▶ གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། 2022ལོ་ནས་བཟུང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་། གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་གྲོང་གསེབ་ཀྱི་མི་འབོར་ལ་ཁྱབ་པའི་བསྡུར་ཚད་60%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་དུ་དྲ་སྦྲེལ་ཁྱབ་ཚད་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད་པ་རེད།
འདི་ག་ཚགས་པར་ཁང་དུ་ཧྲི་ཅ་ཀྲོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་ལས་དོན་སྐུལ་སྤེལ་ཚོགས་འདུ་ཧོ་པེ་ཧྲི་ཅ་ཀྲོང་དུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོར་རང་རྒྱལ་གྱིས་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་བསྟར་བྱས་ཚུན། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་བབ་དང་བསྟུན་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་། འཆར་འགོད་སྣེ་ཁྲིད། རྣམ་གྲངས་དོ་དམ། རྒྱུ་རྐྱེན་གཙོ་བོ་འགན་ལེན། དཔྱད་ཞིབ་ཚོད་སྐོར་སོགས་ཀྱི་ལམ་སྲོལ་བཙུགས་པས་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་རེད།
གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་ཚད་75%ཙམ་ཟིན་པ་དང་། སྲིད་འཛིན་གྲོང་ཚོ་བཅུ་ཆ་དགུ་ཡན་གྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་ཐག་གཅོད་ཐུབ་པ། འཚོ་བའི་བཙོག་ཆུ་བཅོས་སྒྲིག(དོ་དམ་ཚོད་འཛིན)བྱེད་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་བཙོག་ཟིང་ཞན་གསུམ་གྱི་རྣམ་པར་འགྱུར་ལྡོག་ཕྱིན་པ་བཅས་རེད།
གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། 2022ལོ་ནས་བཟུང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་། གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་གྲོང་གསེབ་ཀྱི་མི་འབོར་ལ་ཁྱབ་པའི་བསྡུར་ཚད་60%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་དུ་དྲ་སྦྲེལ་ཁྱབ་ཚད་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད་པ་རེད།
གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། གྲོང་གསེབ་སློབ་གྲྭའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། བཤོལ་འགོག་སློབ་སྐྱོང་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ། གྲོང་ཚོའི་འཕྲོད་བསྟེན་ཁང་བཅུ་ཆ་བདུན་ཡན་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ། ཞིང་པས་སྨན་པ་བསྟེན་བདེ་རུ་ཕྱིན་པ་བཅས་རེད།