《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月08日

སྐྱེ་ཁམས་ཀྱི་སྦས་ཡུལ་——རྡོ་ཕུ་པད་མ་མཛེས་ལྗོངས་ཁུལ་དུ་བསྐྱོད་པ།

རྡོ་ཕུ་པད་མ་མཛེས་ལྗོངས་ཁུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཤིས་ཀྱིས་པར་བརྒྱབ།

རྡོ་ཕུ་པད་མ་མཛེས་ལྗོངས་ཁུལ་ནས་པར་བརྒྱབ་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་མཆུ་དཀར་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཤིས་ཀྱིས་པར་བརྒྱབ།

སྟོན་མཇུག་དང་དགུན་སྟོད་ཀྱི་མཚམས་འདིར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་ཁོངས་ཀྱི་རྡོ་ཕུ་པད་མ་མཛེས་ལྗོངས་ཁུལ་དུ་ཁ་བ་ཐེངས་དང་པོ་བབས་ཤིང་། ཞོགས་པའི་ཉི་གཞོན་དལ་གྱིས་ཤར་ནས་རི་བོའི་ཚོགས་ལ་གསེར་མདོག་གི་ན་བཟའ་བཀླུབས་ཤིང་། རི་རྩེར་ན་བུན་གྱི་ལ་ཐོད་བཅིངས་པ་དང་། ལུང་གཞུང་དུ་དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པ་སོགས་ལས་ལྟ་བས་མི་ངོམ་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་གྲུབ་ཡོད། དེ་གར་སྐྱེ་དངོས་དང་སྲོག་ཆགས་རྩ་ཆེན་མང་པོ་ཡོད་དེ། མཛེས་སྡུག་ལྡན་པའི་གདོད་མའི་ནགས་ཚལ་གྱིས་རི་སྐྱེས་སྲོག་ཆགས་ལ་ཅི་དགར་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཤིག་བསྐྲུན་ཡོད།