ཉེ་བའི་ལོ་ཤས་རིང་། ཀོང་ཏུང་གིས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ནང་ཁུལ་ཆུ་བོའི་ཆུ་ཐོག་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཕྱོགས་བསྡུས་ཆུ་ཐོག་སྐྱེལ་འདྲེན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ཤིས་ཅང་གཙང་པོ་ནི་ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཀྱི་ཆུ་རྒྱུད་གཙོ་བོ་ཞིག་ཡིན་པ་དང་། ཡུན་ནན་དང་ཀུའེ་ཀྲོའུ་བརྒྱུད་ནས་རྒྱུག་པ་དང་ཀོང་ཤིས་དང་ཀོང་ཏུང་འཕྲེད་བརྒལ་བྱས་པ་དེ་ནི་རང་རྒྱལ་གྱི་ལྷོ་ནུབ་དང་ཧྭ་ལྷོ་རྒྱུད་ཀྱི་ཕྱི་ཕྱོགས་ཚོང་དོན་རྒྱ་མཚོ་སྒྲོལ་བའི་བགྲོད་ལམ་གཙོ་བོ་ཞིག་རེད། འདི་ནི་ཤིས་ཅང་གཙང་པོའི་ཀོང་ཏུང་ཞིང་ཆེན་ཡུན་ཧྥུའུ་གྲོང་ཁྱེར་ཡུས་ནན་རྫོང་གི་དུམ་བུར་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་བླུགས་པའི་གྲུ་གཟིངས་སྐྱོད་བཞིན་པ།