ཚ་རྔ་འགག་ཆུ་མཛོད་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡོད་ཅིང་། དེ་གའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོད་པས་གྲང་ཆུའི་ཉ་སྐྱེ་འཕེལ་ཡག་པོ་ཐུབ་ཀྱི་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཡུལ་དེ་གའི་ཁེ་ལས་ཀྱིས་གསོ་སྤེལ་དང་། ཉ་ཕྲུག་གསོ་བ། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་གི་ཐོན་ལས་འཁོར་འབྲེལ་བསྐྲུན་ཟིན་ནས། གཞི་ཁྱོན་ཅན་དང་། ཚད་གཞི་ཅན། གྲངས་རིག་ཅན། སྤུས་རྟགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་གཉེར་སྐྱོང་ཐུབ་སྟེ། ས་མཐོའི་གྲང་ཆུའི་ཉ་ལས་དེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་ཕྱོགས་པར་སྐུལ་འདེད་བཏང་ཡོད།