《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月05日

2024ལོའི་ཞི་མཐུན་མཉམ་གནས་རིག་གནས་ཀྱི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཀྲེ་ཅང་ཐའེ་ཀྲོའུ་རུ་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། “ཞི་མཐུན་མཉམ་གནས་རིག་གནས་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ”བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ཞི་མཐུན་མཉམ་གནས་རིག་གནས་ཀྱི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཚེས་2ཉིན་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཐེན་ཐའེ་རྫོང་དུ་གཉེར་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཤིན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་དམིགས་བསལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཀྲུའུ་ཡུང་ཤིན་གྱིས་གསུངས་དོན། “ཞི་མཐུན་མཉམ་གནས”ཀྱི་རིན་ཐང་དོན་གཉེར་བྱེད་པ་དེ་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་བསྒྲུབས་ནས་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་རྣམ་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ནས་ཀྲུང་ཧྭའི་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་ཤེས་དཔལ་མི་འདྲ་བ་ཐུན་མོང་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་འགྱུར་ཡོང་ཐབས་མཐའ་འཁྱོངས་བྱས་ནས“གོ་ལ་གཅིག་གི་ཐོག་ཕྱར་བ་གྲུ་འདེགས་བྱེད་པའི”སྙིང་སྟོབས་རྒྱུན་འཛིན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

གླེང་སྟེགས་དེ་ནི་ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་མཛུབ་ཁྲིད་དང་། ཀྲུང་གུང་ཐའེ་ཀྲོའུ་གྲོང་ཨུད་དང་། ཐའེ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། དེང་རབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)