འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་ཤེས་བྱའི་བདག་དབང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་ཅིང་། ད་ལོའི་ཟླ་9པའི་ཟླ་མཇུག་བར་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཁག་གིས་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་49.3ཟིན་པ་དེ་དུས་མཚུངས་ལས་16.7%འཕར་ཡོད། ཉེ་བའི་ལོ་ཤས་རིང་། ནུབ་རྒྱུད་ས་ཁུལ་གྱིས་ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ནས་གསོག་འཇོག་བྱས་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་17.2བདམས་ནས་གཞན་སྒྱུར་ཁེ་བེད་བདག་ཐོབ་ཀྱི་ཐོན་ཁུངས་མཛོད་དུ་བཅུག་པ་རེད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཁྲུང་ཆིང་དང་། སི་ཁྲོན། ཧྲའན་ཤིས་སོགས་སུ་ས་ཁོངས་ལས་བརྒལ་བའི་འབྲེལ་མཐུད་བྱས་ནས་དབུས་ཤར་ས་ཁུལ་གྱི་གཞན་སྒྱུར་ཆོག་པའི་ཁེ་བེད་བདག་ཐོབ་གོ་རིམ་ལྡན་པའི་ངང་ནུབ་རྒྱུད་ས་ཁུལ་དུ་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུབ་རྒྱུད་ཞིང་ཆེན་ཁག་གི་ཁེ་བེད་བདག་ཐོབ་ནང་བཤུག་ཆོག་འཐུས་ཐོ་འགོད་བྱེད་ཐེངས་ཁྲི་4.3ཟིན་པ་དེ་དུས་མཚུངས་ལས་45.7%འཕར་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)