《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月04日

ཨེ་ཤེ་ཡའི་ལྕགས་ལམ་གྱི་འཕེལ་རིམ་གསར་པ་ལས་ས་ཁོངས་མཉམ་ལས་ཀྱི་སྒུལ་ནུས་གསར་པ་མངོན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡེ་ཕིང་ཧྥན་དང་། ཐའོ་ཧྥང་ཝེ། ལེའུ་ཁེ།

⇑ འདི་ནི་ཟླ་4ཚེས་17ཉིན་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་དུ་ཅ་དབན་ཤུགས་འགྲེམས་མེ་འཁོར་ཞིག་ཅ་དབན་ལྕགས་ལམ་ནས་སྐྱོད་བཞིན་པ།

⇑ འདི་ནི་ཟླ་5ཚེས་6ཉིན་པར་བརྒྱབ་པའི་མ་ལེ་ཞི་ཡའི་ཕང་ཧོང་ཀྲོའུ་རུ་གནས་པའི་མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་རྣམ་གྲངས་ཀྱི་ལས་ཡུལ་ཡིན་པ།

⇑ འདི་ནི་ཟླ་10ཚེས་11ཉིན་པར་བརྒྱབ་པའི་ཐེ་ལན་གྱི་ཏ་ཁྲེང་ཕུའུ་རུ་གནས་པའི་ཀྲུང་ཐེ་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་4-3དུམ་བུའི་ལས་ཡུལ་ཡིན་པ།

⇑ འདི་ནི་ཟླ་5ཚེས་1ཉིན་ཐེ་ལན་གྱི་ཏ་ཁྲེང་ཕུའུ་རུ་ཀྲུང་ཐེའི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་ལས་དོན་མི་སྣས་ལས་ཡུལ་དུ་རྩད་ཞིབ་ཐིག་ལེན་བྱེད་བཞིན་པ།

⇑ འདི་ནི་ཟླ་9ཚེས་13ཉིན་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་དུ་ཅ་དབན་ཤུགས་འགྲེམས་མེ་འཁོར་ཞིག་ཏེ་ཁ་ལུའུ་ཨར་གྱི་འགྲམ་དུ་ཡོད་པ།

⇑ འདི་ནི་ཟླ་10ཚེས་12ཉིན་པར་བརྒྱབ་པའི་ལོ་སིའི་ལང་པོ་ལཱ་པང་གི་མེ་འཁོར་བབས་ཚུགས་ཡིན་པ།

⇑ འདི་ནི་ཟླ་10ཚེས་11ཉིན་མ་ལེ་ཞི་ཡའི་ཞུའེ་ལན་ཡུས་ཀྲོའུ་རུ་ཀྲུང་གོ་འགྲིམ་འགྲུལ་མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་རྣམ་གྲངས་ཀྱི་ལས་ཡུལ་དུ་ལག་རྩལ་ཆེ་མོ་བ་ཨ་ཙི་ལིར·ཧ་ཅི་མུའུ་ཡིས་ལས་གྲྭར་ཞིབ་བཤེར་བྱེད་བཞིན་པ།

⇑ འདི་ནི་ཟླ་4ཚེས་15ཉིན་ཀྲུང་ལོའི་ལྕགས་ལམ་ལོ་སིའི་ལང་པོ་ལཱ་པང་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣ་དང་འགྲུལ་པས་མཉམ་པར་རྒྱག་བཞིན་པ།

⇑ འདི་ནི་ཟླ་4ཚེས་17ཉིན་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་ཧ་ལི་མུའུ་བབས་ཚུགས་སུ་འགྲུལ་པས་ཅ་དབན་ཤུགས་འགྲེམས་མེ་འཁོར་མདུན་དུ་པར་རྒྱག་བཞིན་པ།

⇑ འདི་ནི་ཟླ་10ཚེས་12ཉིན་ལོ་སིའི་ཝན་ཐེན་ཀྲུང་ལོའི་ལྕགས་ལམ་ཝན་ཐེན་བབས་ཚུགས་ཀྱི་ལས་དོན་མི་སྣས་འགྲུལ་པའི་སྤ་སེ་བཤེར་བཞིན་པ།

⇑ འདི་ནི་ཟླ་9ཚེས་13ཉིན་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་ཏེ་ཁ་ལུའུ་ཨར་བབས་ཚུགས་སུ་ཡོད་པའི་ཅ་དབན་ཤུགས་འགྲེམས་མེ་འཁོར་ཡིན་པ།

ཟླ་10ཚེས་17ཉིན་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་་རྣམ་གྲངས་ཏེ་ཅ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བའི་དྲན་གསོའི་ཉིན་མོ་རེད།

ཅ་དབན་མྱུར་བགྲོད་ལྕགས་ལམ་ནི་ཧིན་རྡུ་ཉི་ཞི་ཡ་དང་ཨེ་ཤེ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་དང་པོ་དེ་ཡིན་ཞིང་། ལྕགས་ལམ་ཤར་གཏོང་ཐུབ་ཚུན། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་579སྐྱེལ་འདྲེན་བྱས་ཡོད། ཀྲུང་ལོའི་ལྕགས་ལམ་ནས་ཅ་དབན་མྱུར་བགྲོད་ལྕགས་ལམ་དང་། སྐྲུན་བཞིན་པའི་ཀྲུང་ཐེའི་ལྕགས་ལམ། མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་བཅས་ཨེ་ཤེ་ཡའི་ལྕགས་ལམ་དྲ་བའི་བརྗིད་ཆེའི་འཆར་གཞིར་འཕེལ་རྒྱས་གསར་པ་བྱུང་བ་མ་ཟད། ས་ཁོངས་མཉམ་ལས་ཀྱི་སྒུལ་ནུས་གསར་པའང་རིམ་བཞིན་མངོན་ཡོད།

ཅ་དབན་མྱུར་བགྲོད་ལྕགས་ལམ།

ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་142.3ཟིན་པ་དང་། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་དང་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་དབན་ལུང་སྦྲེལ་ཡོད། 2023ལོའི་ཟླ་10ཚེས་17ཉིན་ཅ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་རྗེས། གྲོང་ཁྱེར་གཉིས་དབར་གྱི་ལམ་ཐག་ཆུ་ཚོད་3ལྷག་ཙམ་ནས་སྐར་མ་46བར་ཐུང་དུ་ཕྱིན་པ་དང་། འགྲུལ་པ་མང་བའི་དུས་སུ་ཉིན་རེར་མེ་འཁོར་གཏོང་ཚད་ཐེངས་52ཟིན་ནས་ཉིན་རེར་འགྲུལ་པ་མི་ཐེངས་ཁྲི་1.8ནས་ཁྲི་2.2བར་སྐྱེལ་འདྲེན་བྱེད་ཀྱི་ཡོད།

ཅ་དབན་མྱུར་བགྲོད་ལྕགས་ལམ་གྱིས་བདེ་འཇགས་དང་། ཕན་ཆེ། སྐྱིད་པོ་བཅས་ཀྱི་ཕྱིར་སྐྱོད་བྱེད་སྟངས་གསར་པ་མཁོ་འདོན་བྱས་པ་མ་ཟད། ལམ་རྒྱུད་གྲོང་ཁྱེར་གྱི་བཟོ་ཚོང་ལས་རིགས་འཕེལ་རྒྱས་ལ་དེ་བས་སྣེ་ཁྲིད་ཐུབ་སྟེ། ཧིན་རྡུ་ཉི་ཞི་ཡའི་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད།

ཀྲུང་ལོའི་ལྕགས་ལམ།

2021ལོའི་ཟླ་12ཚེས་3ཉིན། ལོ་སིའི་ཝན་ཐེན་མེ་འཁོར་བབས་ཚུགས་སུ་དུང་བརྡ་གྲགས་པ་དང་བསྟུན་ནས་ཀྲུང་ལོའི་ལྕགས་ལམ་གྱི་ལོ་སིའི་དུམ་བུར་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། དེ་སྔོན་ལོ་སིའི་རྒྱལ་ནང་གི་ལྕགས་ལམ་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་3.5ལས་མེད། ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལོ་སིའི་མངའ་ཁོངས་སུ་ལྕགས་ལམ་ལམ་ཐིག་སྤྱི་ལེ་422.44གསར་འཕར་བྱུང་ནས། ལོ་སིའི་མི་རེར་ཆ་སྙོམས་ལྕགས་ལམ་བདག་ཚད་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཨང་དང་པོར་སླེབས་ཡོད།

ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གཞིར་བཟུང་། འདི་ལོའི་ལོ་སྟོད་དུ། ཀྲུང་ལོའི་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་989.6དང་དངོས་ཟོག་ཏུན་ཁྲི་1004.9སྐྱེལ་འདྲེན་བྱས་ཡོད།

མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ།

མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་གྱིས་མ་ལེ་ཞི་ཡ་དང་ཐེ་ལན་གྱི་མཐའ་མཚམས་གྲོང་ཁྱེར་ཀོ་ཏ་པཱ་ལུའུ་དང་མ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོ་སྦྲེལ་ཡོད་པས། མ་ལེ་ཞི་ཡའི་ཤར་ནུབ་མཚོ་འགྲམ་སྦྲེལ་བའི“སྐམ་སའི་ཟམ་པ”ཞེས་བརྗོད་ཀྱི་ཡོད། ཟླ་9པའི་ཟླ་མཇུག་བར། མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་སྐྲུན་ཚད་བརྒྱ་ཆ་བདུན་ཅུ་ལྷག་ཙམ་ལེགས་གྲུབ་ཟིན་པ་དང་། ལྕགས་ལམ་སྤྱི་ལེ་227བཏིང་ཟིན་ཡོད།

རྣམ་གྲངས་ལས་འགོ་བཙུགས་ཚུན། མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་གྱིས་ས་གནས་ལ་ཆེད་ལས་ཤེས་ལྡན་པ་1300ལྷག་ཙམ་གསོ་སྐྱོང་བྱས་ཡོད། “རྣམ་གྲངས་དུས་ཐོག་དང་བདེ་བླག་ངང་ལས་མཇུག་འགྲིལ་ནས་མི་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་རེ་བ་ཡོད”ཅེས་2023ལོར་རྣམ་གྲངས་ཀྱི་ལས་མི་ཡག་ཤོས་སུ་བདམས་པའི་ཨ་ཙི་ལིར་གྱིས་བརྗོད།

ཀྲུང་ལོའི་ལྕགས་ལམ་དང་ཅ་དབན་མྱུར་བགྲོད་ལྕགས་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་མ་ཟད། ཀྲུང་ཐེ་ལྕགས་ལམ་དང་མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་འགྲམ་ལྕགས་ལམ་གྱི་འཕེལ་རིམ་བདེ་བླག་ཡོད་པས་ཨེ་ཤེ་ཡ་ཤར་ལྷོའི་དམངས་ཚོགས་ཀྱིས་ལྕགས་ལམ་ལ་བཅངས་པའི་སྤྲོ་སེམས་དང་རེ་སྒུག་སླར་ཡང་འཕེལ་ཐུབ་པ་བྱུང་ཡོད།

ལྕགས་ལམ་གྱིས་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དང་གྲོང་ཁྱེར་དང་རྒྱལ་ཁབ་སྦྲེལ་མཐུད་ཐུབ་པ་མ་ཟད། འབྱུང་འགྱུར་ལ་ཕྱོགས་པའི་དར་རྒྱས་ཀྱི་ལམ་བུ་ཞིག་ཀྱང་རེད། ཨེ་ཤེ་ཡ་སྐམ་ས་ཆེན་པོའི་ཤར་ལྷོའི་ཕྱོགས་སུ་སྣུར་སྲིང་བྱས་པའི་ལྕགས་ལམ་དྲ་བས། ཨེ་ཤེ་ཡ་ཤར་ལྷོའི་ས་ཁོངས་བཟོ་ལས་ཅན་དང་གཞི་གཅིག་ཅན་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་རྒྱུ་མ་ཟད། ས་གནས་དེ་གའི་མི་འབོར་དུང་ཕྱུར་6ལྷག་ཙམ་ཆུ་ཚད་དེ་བས་མཐོ་བའི་དར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པར་རོགས་རམ་ཐུབ་རྒྱུ་རེད།

(པ་སངས་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)