→ ཉེ་ཆར། ཁྲུང་ཆིང་དབན་ཧྲེང་དཔལ་འབྱོར་གསར་སྤེལ་ཁུལ་ཚུང་ལིན་གྲོང་རྡལ་པའེ་ལུང་མཚེའུ་སྔོ་ཞིང་དྭངས་ལ་སྟོན་ལྗོངས་རི་མོ་བཞིན་ལྟ་ན་སྡུག་པ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་། དབན་ཧྲེང་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དམ་འཛིན་བྱེད་གཞིར་བརྩིས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་ནང་གི་རི་ཀླུང་དང་། མཚེའུ། དེ་བཞིན་གྲོང་གསེབ་ཀྱི་ཁོར་ཡུག་བཅས་ལ་བཅོས་སྐྱོང་ནུས་ལྡན་བྱས་པས་རི་བོ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པར་གྱུར་ཡོད་པ་རེད།