《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月03日

རྒྱ་སྐད་ཀྱི་དངོས་མཚོན་གློག་བརྙན་ཚོགས་ཆེན་སྐབས་གསུམ་པ་གྲོལ་བ།

འདི་ག་ཚགས་པར་ཁང་དུ་ཀྲུའུ་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱ་སྐད་ཀྱི་དངོས་མཚོན་གློག་བརྙན་ཚོགས་ཆེན་སྐབས་གསུམ་པ་ཀོང་ཏུང་ཀྲུའུ་ཧའེ་རུ་གྲོལ་ཞིང་། སྐབས་འདིའི་ཚོགས་ཆེན་གྱི་བསྡུ་རུབ་འོས་སྦྱོར་བྱེད་སྒོར་དངོས་མཚོན་གློག་བརྙན་བརྩམས་ཆོས་ཁྱོན་46འབྱོར་བའི་ནང《རྒྱང་སྐྱོད་ལམ་བུ་རླབས་པོ་ཆེ》དང《ལི་སི་པན་ཝན་གྲུ་གཟིངས་དིམ་པ》གཉིས་ལ་དམིགས་བསལ་གྱི་འོས་སྦྱོར་ཐོབ་པ་དང་། 《ཁང་ཤིས་དང་ལུའུ་དབྱི་ཁྲི་ཐོག་བཅུ་བཞི་པ》དང《ལམ་ཆེན་གྱི་ལོ་བཅུ》《འབྲུག་སྒོའི་འགྲུལ་ཁང་གསར་པ》སོགས་དངོས་མཚོན་གློག་བརྙན་མང་པོར་བརྩམས་ཆོས་ཀྱི་རིགས་དང་རྣམ་གྲངས་རྐྱང་པའི་རིགས་ཀྱི་འོས་སྦྱོར་ཐོབ་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)