འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་རླུང་འཕྲིན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་དང་འཕྲལ་སྡོམ་རླུང་འཕྲིན་ཞབས་ཞུའི་འབྲུབ་འགོག་གེགས་སེལ་གྱི་ཆེད་དོན་བྱ་སྤྱོད(2024ལོ)ཀྱི་ཕྱོགས་སྡོམ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གི་འཕེལ་རིམ་གསར་ཤོས་དང་འབྲེལ་ཡོད་སྲིད་ཇུས་ངོ་སྤྲོད་བྱས་ཤིང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་འཕྲལ་སྡོམ་རླུང་འཕྲིན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཚུལ་སྙན་ཞུ། ཆེད་དོན་བྱ་སྤྱོད་ཀྱི་ལས་ཀའི་ཕན་འབྲས་ཕྱོགས་སྡོམ། ཆེད་དོན་བྱ་སྤྱོད་ཀྱི་དཔེ་མཚོན་ཡག་ཤོས་བཅུ་ཡོངས་བསྒྲགས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། རྒུད་སྐྱོབ་ཁྲོད་ཐོན་པའི་ཕུལ་བྱུང་ལག་ལེན་དང་ཉམས་མྱོང་འགྲེམས་སྟོན་བཅས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་རླུང་འཕྲིན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་ཁྱབ་རྒྱ་ཇེ་ཆེར་ཕྱིན་ཞིང་། མིག་སྔར་རྒྱལ་ཁབ་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་ལས་སྟེགས་1དང་། ཞིང་ཆེན་རིམ་པའི་ལས་སྟེགས་22 གྲོང་ཁྱེར་རིམ་པའི་ལས་སྟེགས་149 རྫོང་རིམ་པའི་ལས་སྟེགས་1825བཅས་བསྐྲུན་ཡོད་ལ། འཕྲལ་སྡོམ་རླུང་འཕྲིན་གྱི་རང་འགུལ་ཡོངས་བསྒྲགས་མཐའ་སྣེ་ཆ་ཚང་ཁྲི་352བསྐྲུན་པ་དག་སྲིད་འཛིན་གྲོང་ཚོ་ཁྲི་36.5ལ་ཁྱབ་ཡོད།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)