《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月03日

རིམ་འཕར་རྣམ་པའི་གནམ་གཤིས་ཞབས་ཞུ་རྒྱལ་ཡོངས་སུ་ཁྱབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཉིན་ཤས་གོང་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་རིམ་འཕར་རྣམ་པའི་གནམ་གཤིས་ཞབས་ཞུ་རྒྱལ་ཡོངས་སུ་ཁྱབ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། གནམ་གཤིས་སྡེ་ཚན་གྱིས་ས་གནས་ཁག་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་གྱི་དོན་དངོས་གཞིར་བཟུང་། རིམ་འཕར་རྣམ་པའི་གནམ་གཤིས་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ནས། གནམ་གཤིས་ཀྱི་གནོད་འཚེ་ཐོན་པའི་དུས་མཚམས་མི་འདྲ་བར་དམིགས་སའི་རང་བཞིན་ལྡན་པའི་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡ་གཏོང་ཐུབ་ཡོད།

དེ་དང་ཆབས་ཅིག ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ད་དུང་རིམ་པ་མཐོ་བའི་སྔོན་ཚུད་ཉེན་བརྡའི“གཞོགས་འདེགས”ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། 2023ལོ་ནས་བཟུང་རིམ་རྩིས་བྱས་ན་རིམ་ཁག་ཏང་སྲིད་འགོ་ཁྲིད་དང་འབྲུབ་འགོག་སོགས་འཕྲལ་སྡོམ་འགན་འཁུར་བ་གཙོ་བོ་མི་ཐེངས་ཁྲི་58གཞོགས་འདེགས་ནང་ཞུགས་ཡོད།