《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月03日

དུས་ཚིགས་དང་པོ་ནས་གསུམ་པའི་བར་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.7ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིཌ་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་27131བཏང་བའི་ནང་ལྕགས་ལམ་དང་། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ལ་མ་དངུལ་སྒོར་དུང་ཕྱུར་5612དང་། སྒོར་དུང་ཕྱུར་1576 སྒོར་དུང་ཕྱུར་976བཅས་སོ་སོར་བཏང་བ་དེ་དུས་མཚུངས་ལས་10.3%དང་། 9.4% 22.3%བཅས་སོ་སོར་འཕར་བ་དང་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་18967བཏང་བས་གཞི་ཁྱོན་མུ་མཐུད་ཆུ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ཧྲེན་ཀྲུང་བགྲོད་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་དང་། ཐེན་ཧྲན་ཧྲེང་ལེ་ཕུག་ལམ་ལོ་མཇུག་ཏུ་ཏལ་འབིགས་ཐུབ་བཟོ་ཡོད་པ། ཕིང་ལུའུ་མིས་བཟོས་གཙང་པོའི་མ་འཇོག་ཕྱེད་ཀ་ལྷག་ཙམ་ལེགས་གྲུབ་ཟིན་པ་སོགས་འདི་ལོ་ནས་བཟུང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྲིད་ཇུས་དང་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ནུས་ལྡན་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཁག་གི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཀུན་ཁྱབ་འགྲིམ་འགྲུལ་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

གཞན་ཡང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་སོགས་དམིགས་ཚད་གཙོ་བོ་ཚང་མ་འཕར་ནས་ཚོང་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་416.3ཟིན་པ་དེ་དུས་མཚུངས་ལས་3.3%འཕར་བ་དང་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་129.7ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད་པ་རེད།

(བསྟན་བློས་བསྒྱུར། བསྟན་བློ་དང་ཟླ་ཕུར་གྱིས་ཞུས)