ཉེ་ཆར། ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་འགོ་ཚུགས་ཤིང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་ལས་དོན་པ་དང་དང་བླངས་པ་ཚོས་འོ་མ་དང་། སྦྲང་རྩི། ཀ་ར། བུ་རམ། ཁ་ཆེ་ཤ་སྐམ་སོགས་དཀར་རག་དང་མཉམ་བསྲེས་བྱས་རྗེས། ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་བྱུག་གི་ཡོད་པས། ཕོ་བྲང་པོ་ཏ་ལར་མི་རྣམས་ཀྱིས“མངར་བསིལ་ལྡན་པའི་ཕོ་བྲང”ཞེས་འབོད་ཀྱི་ཡོད། ཁྱད་པར་ཅན་གྱི་དཀར་རག་དེར་འབྱར་ཚི་ཆེ་ལ་ཚོས་བུད་དཀའ་བས་གནའ་བོའི་བཟོ་སྐྲུན་གྱི་གྱང་ངོས་ལ་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་ཀྱི་ཡོད།