《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月02日

སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འགྲན་བསྡུར་ཆེན་པོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུའུ་དང་། མི་སྤྱི་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་ལས་ལག་རྩལ་པའི་འགྲན་བསྡུར་ཆེན་པོའི་བྱེད་སྒོ་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་བྱས་པ་རེད།

སྐབས་འདིའི་འགྲན་བསྡུར་ཆེན་པོར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་རྒྱག་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བླང་བྱ་གསར་པར་དམ་པོར་དམིགས་ཏེ། འགྲན་ར་མི་འདྲ་བ་6དང་ཞིབ་ཕྲའི་རྣམ་གྲངས་16ལོགས་སུ་དབྱེ་ཡོད། སྲོལ་རྒྱུན་གྱི་ཚོད་ལྟ་དབྱེ་ཞིབ་རང་སོར་བཞག་པའི་རྨང་གཞིའི་ཐོག ཕྱོགས་བསྡུས་འགྲན་བསྡུར་ཁྲོད་སྦགས་བཙོག་འབྱུང་རྩར་ལྟ་ཞིབ་ཚད་ལེན་དང་། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་བཅས་མང་དུ་བཏང་ཡོད་ལ། ཆེད་དོན་འགྲན་བསྡུར་ཁྲོད་ཟེར་འགྱེད་ཀྱི་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་གསར་དུ་བསྣན་ཡོད། འགྲན་བསྡུར་རྣམ་གྲངས་སྤྱིའི་ཆ་ནས་མིག་སྔའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གཙོ་གནད་ཁྱབ་ཁོངས་དང་རྒྱུན་ལྡན་ལས་ཀའི་ཁྲོད་ཀྱི་ལྟེ་བའི་ལྷུ་ཚིགས་ལ་ཁྱབ་ཡོད།