《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月02日

རང་རྒྱལ་གྱིས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཚབ་བྱེད་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་གྲངས་གཞི་ཅུས་བཅས་སྡེ་ཚན་དྲུག་གིས་ཕྱི་ཕྱོགས་ལ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཚབ་བྱེད་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད།

མཛུབ་ཁྲིད་བསམ་འཆར་ནང་དམིགས་ཚད་རབ་དང་རིམ་པ་བཏོན་པ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་ཁྱབ་ཁོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཚབ་བྱེད་ཀྱི་འཕེལ་རྒྱས་ཡག་པོ་ཡོང་བ་བྱས་ནས། 2025ལོར་རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་དེ་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་11ཡན་ཟིན་པ་བྱ་རྒྱུ་དང་། “ལོ་ལྔ་ཚན་བཅོ་ལྔ་པར”ཁྱབ་ཁོངས་ཁག་གིས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་སྔོན་ལ་སྤྱོད་པའི་ཐོན་སྐྱེད་དང་འཚོ་བ་བྱེད་སྟངས་གཞི་རྩའི་ཆ་ནས་ཆགས་པར་བྱས་ནས་2030ལོར་རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་དེ་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་15ཡན་ཟིན་ཏེ་ཐཱན་ཚད་མཐོ་ཤོས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

མཛུབ་ཁྲིད་བསམ་འཆར་ནང་སྲོལ་རྒྱུན་གྱི་ནུས་རྒྱུ་དང་ནུས་རྒྱུ་གསར་པའི“གཏོར”དང“འཛུགས”དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་བདེ་འཇགས་དང་བློས་འགེལ་ཆོག་པའི་མཁོ་སྤྲོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མཁོ་སྤྲོད་དང་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ནུས་རྒྱུའི་འཛད་སྤྱོད་ལ་སྤྱི་འདོམས་བྱས་ཏེ་འཕར་ཚད་ཚབ་བྱེད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གསོག་ཚད་ཚབ་བྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུས་གོ་རིམ་ལྡན་པའི་ངང་སྲོལ་རྒྱུན་གྱི་འགྱུར་རྡོའི་ནུས་རྒྱུའི་ཚབ་བྱེད་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱེད་དགོས་པ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བཟོ་ལས་དང་། འགྲིམ་འགྲུལ། འཛུཌ་སྐྲུན། ཞིང་ལས་དང་གྲོང་གསེབ་སོགས་ཁྱབ་ཁོངས་དང་མཉམ་འདྲེས་ཚབ་བྱེད་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་བའི་སྒོ་ནས་གློག་གཏོང་དང་། ཚ་ནུས་མཁོ་འདོན། སོལ་རླངས་བཟོ་བ། ཆིང་བཟོ་བ་བཅས་སྣ་མང་འཕེལ་རྒྱས་དང་ཚབ་བྱེད་ལ་སྐུལ་འདེད་གཏོང་དགོས་པ། ལག་རྩལ་གསར་པའི་འགག་སྒྲོལ་ཚོད་ལྟར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུས་ཚབ་བྱེད་ཀྱི་ངང་ཚུལ་གསར་པ་དང་། བྱེད་སྟངས་གསར་པ། ལས་རྣམ་གསར་པ་བཅས་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས་པ་བཏོན་ཡོད་པ་རེད།