《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月01日

ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་སྐབས་སོ་བཞི་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས་བཅོ་བརྒྱད་པའི་འབྲི་ཆུ་ཐའོ་ཧྥེན་བྱ་དགའ་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་དྲ་བའི་ཐོག་སྐབས་སོ་བཞི་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས་བཅོ་བརྒྱད་པའི་འབྲི་ཆུ་ཐའོ་ཧྥེན་བྱ་དགའ་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པ་རེད། ད་རེས་ཀྱི་ཀྲུང་གོ་གསར་འགྱུར་བྱ་དགའི་ནང་བྱ་དགའ་སྤྲོད་རྒྱུའི་བརྩམས་ཆོས་ཁྱོན་378དཔྱད་འདེམས་བྱས་ཤིང་། དེའི་ནང་དམིགས་བསལ་བྱ་དགའ་4དང་། བྱ་དགའ་ཨང་དང་པོ་75 བྱ་དགའ་ཨང་གཉིས་པ་111 བྱ་དགའ་ཨང་གསུམ་པ་188བཅས་ཡོད། ད་རེས་ཀྱི་འབྲི་ཆུ་ཐའོ་ཧྥེན་བྱ་དགའི་ནང་བྱ་དགའ་སྤྲོད་རྩིས་ཡོད་པའི་མི་སྣ་20ཡི་ནང་འབྲི་ཆུ་རིགས་འབྲེལ་མི་སྣ་10དང་ཐའོ་ཧྥེན་རིགས་འབྲེལ་མི་སྣ་10ཡོད། དེ་དང་ཆབས་ཅིག ཡོངས་བསྒྲགས་བྱས་པའི་ནང་ད་དུང་ད་རེས་ཀྱི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་འབྲི་ཆུ་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་ཞིབ་སྲོལ་དང་། དཔྱད་འདེམས་ཨུ་ཡོན་དང་ཞིབ་དཔྱད་ཨུ་ཡོན་གྱི་མིང་ཐོ་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)