ཟླ་བཅུ་པ་ནས་བཟུང་། སི་རི་ཡའི་ས་དབུས་རྒྱ་མཚོའི་འགྲམ་ཁུལ་གྱི་སྐྱུ་རུ་ར་རིམ་བཞིན་སྨིན་ནས་བསྡུ་བའི་དུས་སུ་སླེབས་ཡོད། སི་རི་ཡར་སྐྱུ་རུ་ར་འདེབས་པའི་ལོ་རྒྱུས་རིང་མོ་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་འདེབས་འཛུགས་དང་། སྔོག་འཐུ། ལས་སྣོན་བཅས་ཀྱི་བཟོ་རྩལ་རང་སོར་གནས་ཡོད། མིག་སྔར་སི་རི་ཡ་ནི་གོ་ལ་ཧྲིལ་པོའི་སྐྱུ་རུའི་ཚི་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཆེ་གྲས་བཅུའི་གྲས་ཤིག་ཡིན་པ་དང་། སྔོན་དཔག་བྱས་ན་སི་རི་ཡའི་ཞིང་ལས་སྡེ་ཚན་གྱིས་འདི་ལོར་རྒྱལ་ཡོངས་ཀྱི་སྐྱུ་རུའི་ཚི་སྣུམ་ཐོན་ཚད་ཏུན་ཁྲི་74ཙམ་དང་། སྐྱུ་རུའི་ཚི་སྣུམ་བཅོས་མ་ཐོན་ཚད་ཏུན་ཁྲི་9.4ཙམ་ཟིན་པ་དེའི་ནང་སྐྱུ་རུའི་ཚི་སྣུམ་ཏུན་ཁྲི་1ཕྱིར་གཏོང་བྱེད་ཀྱི་ཡོད།