བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནི་མཐོ་གྲང་སྐམ་ཤས་ཆེ་བའི་ཁུལ་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་3800ལྷག་ཙམ་ཡོད། དགུན་ཁ་རིང་ཞིང་གྲང་ངར་ཆེ་ལ་བྱེ་རླུང་ལྡང་ནས་ཡུལ་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད།
དུས་རབས་20པའི་ལོ་རབས་60པ་ནས་བཟུང་། མི་རབས་ནས་མི་རབས་བར་བྱེ་རླུང་ལྡང་བའི་དཀའ་ངལ་ཚད་མེད་མྱངས་པའི་ལྷུན་རྩེའི་མི་དམངས་ཀྱིས་གླ་ཚེར་བཏབ་ནས་བྱེ་རླུང་འགོག་བཅོས་བྱེད་འགོ་བརྩམས་ཤིང་། ཡིད་སེམས་འགུལ་བའི“སྐྱེ་ཁམས་གསར་བརྗེ”ཞིག་ལྷུན་རྩེའི་ལུང་གཞུང་དུ་བྱེད་འགོ་ཚུགས་པ་རེད།
དུས་རབས་ཕྱེད་ཀ་ལྷག་ཙམ་རིང་དཀའ་སྤྱད་འདེབས་འཛུགས་བྱས་པ་བརྒྱུད། ལྷུན་རྩེའི་ལུང་གཞུང་དུ་སྤྱི་ལེ་40ལྷག་ཙམ་དང་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་50ལྷག་ཙམ་ཡོད་པའི“ལྗང་མདོག་གི་ལྕགས་རི་རིང་པོ”ཞིག་བསྐྲུན་པ་དང་། 2019ལོར་འཛམ་གླིང་ཟིན་ཐོ་ཁས་ལེན་དཔང་འདོན་སྒྲིག་གཞི་WRCAཡིས“འཛམ་གླིང་གི་མི་ཐབས་ལ་བརྟེན་ནས་བཏབ་པའི་ཡུག་འབྲེལ་གླ་ཚེར་ཚལ་ཆེ་ཤོས”ལ་ཁས་ལེན་དཔང་འདོན་བྱས་ཡོད། གླ་ཚེར་ཚལ་དེར་རྒྱང་ལྟ་བྱས་ན“ཁ་བཏགས་ལྗང་གུ”ཡུག་གཅིག་དང་འདྲ་བར་ཡུལ་ལུང་དེ་གའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་བཞིན་མཆིས།
པར་འདི་གཉིས་ནི་ཟླ་10ཚེས་16ཉིན་པར་བླངས་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི“འཛམ་གླིང་གི་མི་ཐབས་ལ་བརྟེན་ནས་བཏབ་པའི་ཡུག་འབྲེལ་གླ་ཚེར་ཚལ་ཆེ་ཤོས”ཡིན་པ།