⇐ ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་གྱི་དངོས་ཟོག་ཚང་མ་མིག་སྔར《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན》(RCEP)ཡི་ཁོངས་མིའི་རྒྱལ་ཁབ་ལ་ཕྱིར་གཏོང་ཡོངས་ཁྱབ་བྱུང་ཐོག་ས་ཁོངས་ཀྱི་ཕྱིར་གཏོང་འཕར་བར་སྐུལ་ཁྲིད་ཐུབ་པ་རེད། རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ཀྱི་གྲངས་གཞི་ལྟར་ན། ཟླ་10ཚེས་22ཉིན་བར། འདི་ལོ་ཚུན་ལིའུ་ཀྲོའུ་ཡིས་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་བརྒྱུད་རླངས་འཁོར་གྱི་ལྷུ་ལག་ཚད་ལྡན་སྒམ་11370དབོར་བ་དེ་2019ལོ་ལས་ལྡབ་70འཕར་བ་རེད། འདི་ནི་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁར་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་བརྒྱུད་ལིའུ་ཀྲོའུ་ནས་གྲུ་ཁར་དབོར་བའི་རླངས་འཁོར་གྱི་ལྷུ་ལག་དོས་སྒམ་གྲུ་གཟིངས་ནང་བླུགས་ནས་རྒྱ་མཚོ་སྒྲོལ་རྩིས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཕེང་ཀེ་ཕིང་དང་ཞིང་ཤིང་གིས་པར་བརྒྱབ་པ།