⇑ འདི་ནི་ཀྲུང་གོ་མཚོ་དམག“ཞི་བདེ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་པེ་ནི་ནའི་ཁོ་ཐུའོ་ནུའུ་རུ་སྨན་བཅོས་བྱེད་བཞིན་པ།
⇒ འདི་ནི་ཀྲུང་གོ་མཚོ་དམག“ཞི་བདེ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་པེ་ནི་ནའི་ཁོ་ཐུའོ་ནུའུ་གྲུ་ཁ་ནས་ཐོན་བཞིན་པ།
“ཞི་མཐུན་འགན་འཁྲི-2024”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོ་མཚོ་དམག“ཞི་བདེ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཚེས་24ཉིན་ཁོ་ཐུའོ་ནུའུ་གྲུ་ཁ་ནས་ཐོན་པ་དང་། པེ་ནི་ནར་འཚམས་འདྲི་བྱེད་ཐེངས་དང་པོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
དུས་ཡུན་ཉིན་7གྱི་འཚམས་འདྲི་བྱེད་རིང་། “ཞི་བདེ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་གཤགས་བཅོས་ཁག་137བདེ་བླག་ངང་བྱས་ཤིང་། རིམ་རྩིས་བྱས་ན་མི་ཐེངས་8122ལ་སྨན་བཅོས་བྱས་པ་དང་། མི་ཐེངས་3297ལ་རམ་འདེགས་ཞིབ་བཤེར་བྱས་ནས་ད་རེས་ཀྱི་ལས་འགན་བསྒྲུབས་ཚུན་ས་ཚིགས་རྐྱང་པའི་སྨན་བཅོས་བྱེད་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།