《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月29日

ཧོ་པེ་ཚའོ་ཧྥེ་ཏེན་གྱི“ལེ་དབར་བརྒྱ་ཡི་ཚྭ་རྫིང”ལ་ལོ་ལེགས་བྱུང་བ།

↑མིག་སྔར་སྟོན་ཚྭ་བསྡུ་བའི་དུས་ཚིགས་འཆར་ཞིང་། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཚའོ་ཧྥེ་ཏེན་ཆུས་ནན་པའོ་ཚྭ་ཁུལ་གྱི་བཟོ་པས་གནམ་དྭངས་པ་དང་བསྟུན་ནས་སྟོན་ཚྭ་མགྱོགས་མྱུར་བསྡུས་ཏེ“ལེ་དབར་བརྒྱ་ཡི་ཚྭ་རྫིང”དུ་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མངོན། ངོ་སྤྲོད་བྱས་པར་གཞིགས་ན། ནན་པའོ་ཚྭ་ཁུལ་ནི་རང་རྒྱལ་གྱི་ཁྲང་ལུའུ་ཚྭ་ཁུལ་གྱི་རྒྱ་མཚོའི་ཚྭ་ཐོན་སྐྱེད་རྟེན་གཞིའི་གྲས་ཤིག་ཡིན་པ་དེས་ས་ཆ་མུའུ་35བཟུང་བ་དང་འདི་ལོ་སྔོན་དཔག་བྱས་ན་རྒྱ་མཚོའི་ཚྭའི་ཐོན་འབོར་བསྡོམས་ཏུན་ཁྲི་140ཟིན་རེ་ཡོད་ཅིང་། འདི་ནི་ཉེ་ཆར་བཟོ་པས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཚའོ་ཧྥེ་ཏེན་ཆུས་ནན་པའོ་ཚྭ་ཁུལ་དུ་འཕྲུལ་ཆས་སྤྱད་དེ་སྟོན་ཚྭ་བསྡུ་བཞིན་པ།