← ལྕགས་ཀྱི་གདུང་མ་མཐའ་མ་དེ་གནད་ལ་འཁེལ་པོས་བཙུགས་པ་དང་བསྟུན་ནས་ཀྲུང་གོ་འགྲིམ་འགྲུལ་ཆུ་ཐོག་སྐྱེལ་འདྲེན་ཅུས་གཉིས་པས་སྐྲུན་པའི་ཨན་ལུའོ་མྱུར་བགྲོད་གཞུང་ལམ་གྱི་རྨ་ཆུའི་ཟམ་ཆེན་བདེ་བླག་ངང་མཐུད་ནས་སང་ལོར་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བཏིང་ཡོད། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་པེ་ཅིང་ནས་ཝུའུ་ཧན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ཨན་ལུའོ་མྱུར་བགྲོད་གཞུང་ལམ་གྱི་རྨ་ཆུའི་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་15.223ཡོད་པ་དེ་ནི་རྨ་ཆུའི་སྟེང་གི་གཞུང་ལམ་ཟམ་པ་རིང་ཤོས་དེ་ཡིན་པ་རེད། འདི་ནི་ཨན་ལུའོ་མྱུར་བགྲོད་གཞུང་ལམ་གྱི་རྨ་ཆུའི་ཟམ་ཆེན་ཡིན་པ།