《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月29日

སྟོན་བསྡུའི་རིང་གི་གློག་སྤྱོད་བདེ་འཇགས་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་དབུན་ཀྲོའུ་གློག་འདོན་ཀུང་སིའི“གློག་སྤྱོད་བློ་བདེའི”ཁེ་ལས་ཀྱི་རོགས་སྐྱོར་ཞབས་ཞུའི་རུ་ཁག་རུའེ་ཨན་མ་ཡུས་དང་ཚའོ་གྲོང་ཚོ་སོགས་ཀྱི་ཞིང་ནང་དང་མུ་ཁར་བསྐྱོད་དེ“འཕྲུལ་འཁོར་གྱིས་སྐོར་ཞིབ་དང་མིས་སྐོར་ཞིབ་བྱེད་པ་ཟུང་འབྲེལ”གྱི་བྱ་ཐབས་བརྒྱུད། འབྲེལ་ཡོད་གློག་སྐུད་དང་སྒྲིག་ཆས་ལ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་། ཞིང་དུད་ལ་གློག་སྤྱོད་བདེ་འཇགས་དོན་ཚན་འགྲེལ་བཤད་བརྒྱབ་ནས་སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་རམ་འདེགས་བྱས་པ་རེད། འདི་ནི་ཟླ་10ཚེས་23ཉིན་རྒྱལ་ཁབ་གློག་དྲ་དབུན་ཀྲོའུ་གློག་འདོན་ཀུང་སིའི་ལས་དོན་པས་མི་མེད་གནམ་གྲུ་སྤྱད་དེ་ཞིང་འབྲེལ་གློག་ལམ་ལ་སྐོར་ཞིབ་བྱེད་བཞིན་པ། ལེ་ཅན་ཁྲེང་གིས་པར་བླངས།