《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月28日

དུས་ཚིགས་དང་པོ་ནས་གསུམ་པ་བར་མྱུར་སྐྱེལ་ལས་སྒོའི་འབོར་ཚད་དུང་ཕྱུར་1200ལས་བརྒལ་བ།

དེ་དུས་མཚུངས་ལས་22%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཚུན་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་མུ་མཐུད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་དུས་ཚིགས་དང་པོ་ནས་གསུམ་པ་བར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་འབོར་ཚད་དུང་ཕྱུར་1237.7ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་22%འཕར་བའི་ནང་དུས་ཚིགས་གསུམ་པར་དུང་ཕྱུར་436.1ཟིན་པ་དེ་དུས་མཚུངས་ལས་20.1%འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་1ལས་བརྒལ་བ་དེ་དུས་མཚུངས་ལས་14.1%འཕར་བ་རེད།

མྱུར་སྐྱེལ་ལས་སྒོ་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་5པ་ནས་བཟུང་རང་རྒྱལ་གྱི་ཡ་ཟླའི་མྱུར་སྐྱེལ་ལས་སྒོའི་འབོར་ཚད་དུང་ཕྱུར་140ལས་བརྒལ་བ་དེ་འཆར་ཅན་དུ་གྱུར་བ་དང་ཟླ་9པར་མྱུར་སྐྱེལ་ལས་སྒོའི་འབོར་ཚད་དུང་ཕྱུར་149.7ཟིན་པ་དེ་དུས་མཚུངས་ལས་18.7%འཕར་ནས་འཛད་སྤྱོད་ལ་སྐུལ་འདེད་དང་། ཐོན་སྐྱེད་ལ་རམ་འདེགས། འཁོར་རྒྱུག་ཤར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་པ་རེད།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པ་བར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་འབོར་ཚད་ཀྱིས་རྒྱལ་ཡོངས་ཀྱི་བསྡུར་ཚད་ཀྱི་72.6%དང་། 18.6% 8.8%བཅས་སོ་སོར་བཟུང་བ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་དབུས་རྒྱུད་དང་ནུབ་རྒྱུད་དུ་བརྒྱ་ཆའི་གྲངས་1.3དང་0.9སོ་སོར་འཕར་བ་རེད།

ལས་རིགས་ཀྱི་མཁོ་སྤྲོད་གསར་གཏོད་ནུས་པ་མཐོ་རུ་སོང་ཞིང་། ཁེ་ལས་ཀྱིས་མི་ཐབས་རིག་ནུས་བཀོལ་སྤྱོད་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲངས་འཛིན་རིག་ནུས་ཅན་རྒྱུན་མཐུད་རིམ་སྤོར་བྱས་པ་དང་ས་གནས་མང་པོའི་དམའ་འཕུར་སྡེབ་སྐྱེལ་ལས་དོན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་མི་མེད་གནམ་གྲུའི་སྡེབ་སྐྱེལ་ལས་དོན་སྔར་བས་ཁྱབ་གདལ་ཐུབ་ཡོད། དུས་མཚུངས་མི་མེད་རླངས་འཁོར་དང་ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་སྤྱོད་འགོ་ཚུགས་ཏེ་མྱུར་སྐྱེལ་ཟོག་འགྲེམས་ཐོན་ལས་གླིང་གཅིག་རྗེས་གཉིས་མཐུད་ངང་འཁོར་རྒྱུག་བྱས་ཐོག་སྦྲག་སྲིད་མྱུར་སྐྱེལ་གྱི་ལྟེ་བའི་ནུས་པ་ཆེ་རུ་བརྟན་པོ་སོང་ཡོད།