《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月26日

2024ལོའི་ཧྥ་རན་སེའི་རྒྱལ་སྤྱིའི་བཟའ་བཅའི་འགྲེམས་སྟོན་ཕ་རི་སིར་གཉེར་བ།

ཟླ་10ཚེས་19ནས་23ཉིན་བར། 2024ལོའི་ཧྥ་རན་སེའི་རྒྱལ་སྤྱིའི་བཟའ་བཅའི་འགྲེམས་སྟོན་ཕ་རི་སིར་གཉེར་བ་རེད། འགྲེམས་ཚོགས་དེ་ལོ་གཉིས་རེར་ཐེངས་རེ་གཉེར་བ་དང་། སྐབས་འདིའི་འགྲེམས་ཚོགས་ལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་འགྲེམས་ཞུགས་ཚོང་པ་7000ལྷག་ཙམ་ཞུགས་ནས་བཟའ་བཅའ་དང་། བཏུང་བྱ། བཟའ་བཅའ་ལས་སྣོན་ལག་རྩལ་བཅས་གསར་ཤོས་འགྲེམས་སྟོན་བྱས་པ་དང་། དེའི་ནང་ཀྲུང་གོའི་འགྲེམས་ཞུགས་ཁེ་ལས་གྲངས་འབོར་687ཟིན་ཡོད་པ་རེད། (འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲང་ཁའེ་ཡོན་གྱིས་པར་བརྒྱབ)

⇑ འདི་ནི་ཀྲུང་གོའི་འགྲེམས་ཁུལ་གྱི་ཟུར་ཞིག་ཡིན་པ།

⇐ འདི་ནི་ཀྲུང་གོའི་འགྲེམས་ཞུགས་ཚོང་པ་དང་ཕྱི་རྒྱལ་གྱི་ཚོང་པ་སྤེལ་རེས་བྱེད་བཞིན་པ།