ཟླ་10ཚེས་20ཉིན། 2024ལོའི“ཀྲུང་ཧྭའི་རིག་གནས་དགའ་ཚལ་ཆེན་མོའི”ཨ་རབ་མཉམ་འབྲེལ་ཚོ་དཔོན་གྱི་ཏི་པའེ་སྒར་ས་མཇུག་འགྲིལ་བ་རེད། “ཀྲུང་ཧྭའི་རིག་གནས་དགའ་ཚལ་ཆེན་མོ”ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་ཁྱབ་གདལ་བཏང་བའི་ཕྱི་རྒྱལ་གྱི་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་སོགས་ཚོགས་སྤྱིས་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་བྱ་རྒྱུ་དམིགས་ཡུལ་དུ་བྱས་པའི་སྤུས་རྟགས་བྱེད་སྒོ་ཞིག་ཡིན་ཞིང་། ད་ལོའི་མཉམ་འཛོམས་སྦྱོང་བརྡར་ནང་ཏི་པའེ་ཡི་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་སློབ་མ་120ཙམ་ཞུགས་ནས་ཀྲུང་གོའི་རི་མོ་དང་། ཡིག་གཟུགས། དྲག་རྩལ། མི་རིགས་ཀྱི་ཞབས་བྲོ་སོགས་སྲོལ་རྒྱུན་སྒྱུ་རྩལ་གྱི་སློབ་ཚན་བརྒྱུད་རིམ་ལྡན་པའི་ངང་སྦྱངས་པ་རེད།