མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཐུའུ་རིགས་རང་སྐྱོང་རྫོང་གིས་ས་བབ་མཐོ་བ་དང་ཉི་འོད་ཕོག་ཡུན་རིང་བ་སོགས་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད།
འདི་ནི་ཉེ་ཆར་ཏུང་ཧོ་ཤང་ཧེ་ཀྲོང་གྲོང་ཚོའི་གྲོང་མིས་རྩི་ཤིང་ཧྭ་ཡན་ཧྲན་འཐུ་བར་བྲེལ་ཞིང་། ཧྭ་ཡན་ཧྲན་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་3000ཟིན་ནས་ཞའོ་ཐེན་ཚལ་སོགས་ཡུལ་དེའི་སྲོལ་རྒྱུན་དཔལ་འབྱོར་སྐྱེ་དངོས་ལས་རིན་ཐང་མཐོ་བ་ཡོད་པ་རེད།