ཉེ་ཆར་ཀྲུང་གོ་ཨར་ལས་དང་ཀྲུང་གོ་ལྕགས་ལམ་ཅུས་བཅོ་ལྔ་པས་མཉམ་འབྲེལ་ཐོག་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་མཱ་ཀུའུ་ཧྥུའུ་ལི་ཟམ་ཆེན་གྱི་གཙོ་གཟུགས་བདེ་བླག་ངང་མཐུད་ཐུབ་ཡོད། མཱ་ཀུའུ་ཧྥུའུ་ལི་ཟམ་ཆེན་ནི་ཐན་ཙན་ནི་ཡའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་སྤྱིའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་བསྐྲུན་རྗེས་ཨ་ཧྥེ་རི་ཁའི་ལྕགས་སྒྲོམ་དམའ་བའི་གསེག་ཟམ་རིང་ཤོས་སུ་གྱུར་ནས་ཐན་ཙན་ནི་ཡའི་རྒྱལ་ཁབ་ཀྱི་གཟུགས་བརྙན་རིམ་སྤོར་དང་མཐའ་འཁོར་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
འདི་ནི་མཱ་ཀུའུ་ཧྥུའུ་ལི་ཟམ་ཆེན་འབྲེལ་མཐུད་བྱ་ཡུལ་ཡིན་པ།
ཀྲུང་གོ་ཨར་ལས་ཨ་ཧྥེ་རི་ཁ་ཤར་མའི་ཀུང་སིས་པར་རིས་མཁོ་འདོན་བྱས་པ།