《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ཀྲེ་ཅང་ཁྲང་ཤིང་དུ་རྐང་འཁོར་བཞོན་ནས་ཐཱན་ཉུང་འཚོ་བར་རོལ་མཁན་མང་བ།

ཉེ་བའི་ལོ་ཤས་རིང་། ཁྲང་ཤིང་རྫོང་གིས་ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ་དང་། ཐའེ་ཧུའུ་མཚེའུ་སྐོར་བའི་དཔེ་སྟོན་ལམ་བུ། མཛེས་སྡུག་ལྡན་པའི་དཔལ་འབྱོར་དང་འགྲིམ་འགྲུལ་བར་ཁྱམས་བཅས་སྐྲུན་པར་སྐུལ་འདེད་དང་། ཐོན་ལས་འཕེལ་རྒྱས་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། ཁུལ་ཁོངས་ཧྲིལ་པོའི་ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པ། “རི་སྔོན་ཆུ་དྭངས”དེ“གསེར་རི་དངུལ་རིར”སྒྱུར་བའི་ཤར་བགྲོད་ལམ་བུ་སྐྲུན་པ། གྲོང་གསེབ་གཞུང་ལམ་གྱི་ཞབས་ཞུའི་ནུས་པའི་ཟུར་སྣོན་རིན་ཐང་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་ལྗང་མདོག་འགྲིམ་འགྲུལ་གྱི་དཔེ་མཚོན་བཏོད་ཅིང་། འདི་ནི་ཟླ་10ཚེས་20ཉིན། རྐང་འཁོར་བཞོན་པར་དགའ་མཁན་ཚོས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིང་རྫོང་ཅཱ་ཕུའུ་གྲོང་རྡལ་ཏིང་ཤིན་གྲོང་ཚོའི་གྲོང་གསེབ་ཀྱི་ལྗང་ལམ་ཐོག་རྐང་འཁོར་བཞོན་ཏེ་ལམ་རྒྱུད་ཀྱི་སྟོན་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།