《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

རྒྱལ་ཡོངས་ཀྱི་ཤོག་བྱ་གདན་ཞུས་འགྲན་བསྡུར་ཅང་སུའུ་རུའུ་ཏུང་དུ་བྱེད་འགོ་ཚུགས་པ།

ཟླ་10ཚེས་19དང་ཚེས་20ཉིན། ཅང་སུའུ་ཞིང་ཆེན་རུའུ་ཏུང་རྫོང་དུ་ཀྲུང་གོ·རུའུ་ཏུང་ཤོག་བྱའི་འདུ་ཚོགས་སྐབས་ཉེར་གསུམ་པའི་2024ལོའི་རྒྱལ་ཡོངས་ཤོག་བྱའི་གདན་ཞུས་འགྲན་བསྡུར་དང“ཞའོ་ཡང་ཁོའུ་ཡུལ་སྐོར་བུམ་པ”ཅང་སུའུ་ཞིང་ཆེན་ཤོག་བྱ་གློད་མཁས་པའི་འགྲན་བསྡུར་བྱས་ཤིང་། ད་རེས་ཀྱི་བྱེད་སྒོའི་ནང་འབྲུག་གཟུགས་རིགས་དང་། གཤོག་འཁྱུད་རིགས། སྐུད་གཉིས་དང་སྐུད་བཞིའི་ལུས་རྩལ་ཤོག་བྱ་སོགས་ཤོག་བྱ་20ལྷག་ཙམ་གྱི་འགྲན་བསྡུར་བྱས་ཤིང་། དེའི་ནང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཐུས་ཚབ་རུ་ཁག་30ལྷག་ཙམ་གྱི་བདམས་ཐོན་པ་200ལྷག་ཙམ་ཞུགས་ཡོད་པ་རེད།

འདི་ནི་ཟླ་10ཚེས་20ཉིན་འགྲན་ཞུགས་པས་ནན་ཐུང་གྲོང་ཁྱེར་རུའུ་ཏུང་རྫོང་ཞའོ་ཡང་ཁོའུ་ཤོག་བྱ་གློད་སར་ཤོག་བྱ་གློད་བཞིན་པ།