ཟླ་10ཚེས་15ཉིན་གྱི་དགོང་མོར། ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་མོའི(2024)ཨང་དང་པོ་ལེན་པའི་འགྲན་བསྡུར་ཧྲང་ཧའེ་རུ་གཉེར་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་ཀྱི་འགྲན་ཞུགས་ཚོགས་པ་དྲུག་གིས་མཉམ་དུ་འགྲན་བསྡུར་བྱས་ཡོད། མཐར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི“ནཱ་ཀྲ—གོ་ལ་ཧྲིལ་པོའི‘མཁའ་མཚོ་གཞི་གཅིག’ཁོངས་སྒྲོལ་འཕུར་སྐྱོད་ཡོ་བྱད་སྟེགས་བུའི”རྣམ་གྲངས་ལ་ཨང་དང་པོ་ཐོབ་ཡོད། འདི་ནི་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དུ་གཉེར་བའི་ཨང་དང་པོ་ལེན་པའི་འགྲན་ར་ཡིན་པ་དང་འགྲན་བསྡུར་ནང་ཞུགས་མཁན་ཚོགས་པ་དྲུག་གི་འཐུས་མི་འགྲན་རར་སྐྱོད་རྩིས་བྱེད་པ།