ཅང་ཤིས་ཧྲང་རའོ་རུ་གནས་པའི་ཞིང་ཐང་སྟེང་གི་ཟམ་ཆེན་ནི་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལི་ཡོན་ནས་ཏུང་ཤང་དུམ་བུའི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། ཟམ་པའི་རིང་ཚད་ཧྲིལ་པོར་སྨི་1778ཡོད་པ་དེ་ཕྱོགས་གཉིས་སུ་བསྡོམས་འཁོར་ལམ་བརྒྱད་ཇུས་འགོད་བྱས་ཡོད། ཟམ་པ་ཡོངས་ཀྱི་ཟམ་རྟེན་80%ཚང་མ་ཞུན་ཕུག་ཁུལ་དུ་གནས་ཡོད་པ་དང་། རྣམ་གྲངས་དེར་ཨར་འདམ་སྔོན་རྒྱོང་གི་བཟོ་རྩལ་དང་ལས་རིམ་ཡོངས་རིག་ནུས་འདུས་གྲུབ་གདོང་ལེབ་སྔོན་བཟོ་སོགས་ལག་རྩལ་གསར་པ་མང་པོ་སྤྱད་དེ་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ཡོད།
འདི་ནི་ཞིང་ཐང་སྟེང་གི་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་ཡིན་པ།