ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཞའོ་ཤིན་གྱིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ་10ཚེས་9ནས་ཚེས་12ཉིན་བར་ཨུ་རུ་སུར་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་ཏུའུ་མ་གཅིག་གྱུར་ཨུ་རུ་སུ་ཏང་གི་གྲོས་མི་ཚོགས་པའི་ཀྲུའུ་ཞི་ཝ་ཤིས་ལི་ཡེ་ཧྥུའུ་དང་། གཅིག་གྱུར་ཨུ་རུ་སུ་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཁེ་ལི་མོ་ཧྥུའུ། ཧྲེང་པི་ཏེ་པའོ་ས་གནས་ཡན་ལག་པུའི་འགོ་ཁྲིད་པ་སོགས་དང་ཁག་སོ་སོར་མཇལ་འཕྲད་གནང་སྟེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་གནང་བ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཏང་གཉིས་པོའི་འགྲོ་འོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
(བདེ་དབང་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)