2024ལོའི་ཟླ་10ཚེས་9ཉིན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ཧྭ་ཏུང་རྒྱལ་སྤྱིའི་མཉམ་འདྲེན་གྲུ་ཁར་ལྕགས་རིགས་སྣ་ལྔའི་ལྷུ་ལག་དང་། འཕྲུལ་ཆས། རྩེད་ཆས། འགྱིག་འཁོར་སོགས་ཀྱི་ཚོང་ཟོག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་X8074དེ་ལྕགས་ལམ་ཅིན་ཧྭ་ཚོང་ཟོག་ར་བའི་ལྷོ་ཕྱོགས་ནས་ཐོན་ཏེ་ནང་སོག་ཨེར་ལེན་ཧའོ་ཐེ་འགག་སྒོ་བརྒྱུད་ནས་བྷེ་ཨུ་རུ་སུར་བསྐྱོད་རྒྱུ་རེད།
ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཀུང་སིའི་ཧང་ཀྲོའུ་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ཀྱི་བསྡོམས་རྩིས་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཅིན་ཧྭ(ཅིན་ཏུང་དང་དབྱི་ཝུའུ)ལས་སྟེགས་གཉིས་ནས་རིམ་རྩིས་བརྒྱབ་ན་མེ་འཁོར་ཐེངས་969བཏང་ནས་ཚོང་ཟོག་ཚད་ལྡན་དོས་སྒམ་ཁྲི་10.28དབོར་ཞིང་། མེ་འཁོར་གཏོང་གྲངས་དུས་མཚུངས་ལས་12.4%མང་དུ་སོང་ཡོད་པ་རེད།