མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གཏམ་བརྗོད་ཟློས་གར《ཆུ་རྒྱུན་
རིང་བའི་རྫ་ཆུ་སྔོན་མོ》ཁུན་མིང་དུ་འཁྲབ་སྟོན་བྱས་པ།
ཟླ་10ཚེས་13ཉིན་གྱི་དགོང་མོར། ཡུན་ནན་ཞིང་ཆེན་གཏམ་བརྗོད་ཟློས་གར་ཁང་གིས་བཟོས་པའི་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གཏམ་བརྗོད་ཟློས་གར《ཆུ་རྒྱུན་རིང་བའི་རྫ་ཆུ་སྔོན་མོ》ཞེས་པ་ཡུན་ནན་ཞིང་ཆེན་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་པ་རེད། འཁྲབ་ཚན་དེའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་དུས། ཡུན་ནན་གྱི་མི་རིགས་ཁག་གི་འཐུས་མིས་ཐུན་མོང་ཐོག་ཕུར་མི་རིགས་མཐུན་སྒྲིལ་གྱི་དམ་བཅའི་རྡོ་རིང་བཙུགས་པའི་བརྒྱུད་རིམ་གསོན་ཉམས་དོད་པོས་མངོན་ཞིང་། འདི་ནི་འཁྲབ་སྟོན་པས་ཡུན་ནན་ཞིང་ཆེན་ཟློས་གར་ཁང་ཆེན་དུ་གཏམ་བརྗོད་ཟློས་གར《ཆུ་རྒྱུན་རིང་བའི་རྫ་ཆུ་སྔོན་མོ》འཁྲབ་སྟོན་བྱེད་བཞིན་པ།