《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月16日

གྲོང་གསེབ་ཏུ་བདེ་ཐང་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པ།

ཐག་རིང་རི་ཁུལ་གྱི་མང་ཚོགས་ལ་སྙིང་ཉེ་ཞིང་སྟབས་བདེ་བའི་སྨན་བཅོས་བདེ་ཐང་གི་ཞབས་འདེགས་ཡག་པོ་ཞུ་ཆེད། ཉིན་ཤས་བསྟུད་མར། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་གིས་སྨན་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྨན་རྫས་ཁྱེར་ནས་གྲོང་ཚོའི་རྒན་རྒོན་དང་། སྦྲུམ་མ་དང་གཅོང་ནད་ཕོག་པའི་ནད་པར་རིན་མེད་བདེ་ཐང་བརྟག་དཔྱད་དང་ས་གནས་ས་ཐོག་ཏུ་སྨན་བཅོས་སོགས་མང་ཚོགས་ལ་བདེ་ཐང་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པ་རེད།

འདི་ནི་2024ལོའི་ཟླ་10ཚེས་10ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་སན་ཅང་ཤང་ཁྲང་ལིང་གྲོང་ཚོར་སྨན་པས་མང་ཚོགས་ཀྱི་ཁྱིམ་དུ་ཁྲག་ཤེད་ལྟ་བ་སོགས་ཀྱི་འོས་འགན་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བཞིན་པ།