《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月16日

ཟླ་དང་པོ་ནས་བརྒྱད་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་12.4%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད། གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བརྒྱད་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་14.45ཟིན་པ་དེ་དུས་མཚུངས་ལས་1.6%འཕར་བ་དང་ཁེ་སྤོགས་སྒོར་དུང་ཕྱུར་8892.8བྱུང་བ་དེ་དུས་མཚུངས་ལས་12.4%འཕར་ཡོད།

“འདི་ལོ་ནས་བཟུང་འཛད་རྫས་གསར་རྙིང་བརྗེ་བ་སོགས་སྲིད་ཇུས་རབ་དང་རིམ་པའི་སྐུལ་འདེད་འོག་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆར་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད”ཅེས་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཁྲུང་ཧོ་ཡིས་བརྗོད།

(དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)